རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཊ་ནང་བོད་མི་ཚོས་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་བྱས་པ།

རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཊ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བརྒྱད་རྒྱ་ལྷག་ཙམ་གྱིས་གཟའ་པ་སངས་ཉིན་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག

༄༅༎རྒྱ་གར་གྱི་གྲོང་ཁྱེར་ ཀོལ་ཀ་ཊ་ནང་ བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་གྲངས་བརྒྱད་རྒྱ་ལྷག་ཙམ་གྱིས་གཟའ་པ་སངས་ཉིན་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱས་དང་བྱེད་བཞིན་མཚམས་འཇོག་བྱས་དགོས་པ་དང་། བཙོན་འཇུག་དོ་དམ་བྱེད་བཞིན་པའི་བོད་མི་ཡོངས་རྫོཊ་གློད་བཀྲོལ་དགོས་པའི་སྐད་འབོད་སྐྱོན་ནས་ངོ་རྒོལ་རྔ་སྟོན་ཁྲོམ་སྐོར་བྱས་ཡོད་པ་རེད། རྒྱ་གར་གྱི་གྲོང་ཁྱེར་ ཀོལ་ཀ་ཊ་ ནང་འདས་པའི་ལོ་ངོ་མང་པོའི་གོང་ནས་རྒྱ་མི་རིཊ་བརྒྱད་སྟོང་ལྷག་ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་དང་།་་ བོད་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་རྒྱ་ནག་གཞུང་ཕྱོཊ་ནས་དྲག་གནོན་བྱས་པའི་རྗེས་བོད་མི་གནས་སྡོད་བྱེད་སའི་ཕྱི་རྒྱལ་ཡུལ་གྲུ་

མང་ཆེ་བའི་ནང་རྒྱ་ནག་གཞུང་ཕྱོགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་དང་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ངོ་རྒོལ་ལས་འགུལ་སྣ་ཚོཊ་སྤེལ་ཡོད་པ་བཞིན། ད་རེས་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཊ་ནང་བོད་ནང་དོན་རྐྱེན་བྱུང་བའི་རྗེས་རྒྱ་ནག་གཞུང་ཕྱོཊ་ལ་ངོ་རྒོལ་གྱི་ལས་འགུལ་ཐོག་མ་དེ་སྤེལ་ཡོད་པ་རེད། ངོ་རྒོལ་ལས་འགུལ་དེའི་ནང་བཞུཊ་མཁན་རྒྱ་གར་ཀ་ལིང་པོང རྡོ་རྗེ་གླིང་གངས་ཏོག་དེ་བཞིན་མན་བར་ཕན་བདེ་གླིང་གཞིས་གར་དང་། ཨུ་རི་ས་ཕུན་ཚོགས་གླིང་གཞིས་གར་སོཊ་ནས་བོད་མི་དྲུག་རྒྱ་ལྷག ཀོལ་ཀ་ཊ་ གྲོང་ཁྱེར་དུ་ཆེད་བསྔཊ་ངོ་རྒོལ་གྱི་ལས་འགུལ་ནང་ཆེད་ཕེབས་གནང་ཡོད་པ་རེད༎