བུད་མེད་ལ་ཁྲིམས་ལུགས་ནུས་པའི་གོ་རྟོགས་སྤེལ་བའི་ཟབ་སྦྱོང་།

བོད་ཀྱི་བེུད་ལྷན་ཚོགས་ནས་བཙན་བྱོལ་ནང་གི་བོད་པའི་བེུད་ལ་ཁྲིམས་ལུགས་ཀྱི་ནུས་པའི་གོ་རྟོགས་སྤེལ་བའི་ཟབ་སྦྱོང་ཐེངས་དང་པོ་གནང་འདུག

་བོད་པའི་བེུད་ལ་ཁྲིམས་ལུགས་ཀྱི་ནུས་པའི་གོ་རྟོགས་སྤེལ་བའི་ཟབ་སྦྱོང་ པར། བུད་མེད་ལྷན་ཚོགས།

བོད་ཀྱི་བེུད་ལྷན་ཚོགས་ནས་བཙན་བྱོལ་ནང་གི་བོད་པའི་བེུད་ལ་ཁྲིམས་ལུགས་ཀྱི་ནུས་པའི་གོ་རྟོགས་སྤེལ་བའི་ཟབ་སྦྱོང་ཐེངས་དང་པོ་གནང་འདུག
དེ་ཡང་ཕྱི་ཟླ་༢ཚེས་༤ཉིན་བེུད་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་། ཟབ་སྦྱོང་དེའི་ནང་ཁྲིམས་ལུགས་མཁས་པ་དང་། ཁྲིམས་ལ་སློབ་མཁན་གྱི་སློབ་ཕྲུག། བེུད་ཀྱི་ལས་འགུལ་བ། ཚོགས་པ་ཁག་གི་འཐུས་མི་དང་སྐུ་ཚབ་སོགས་ཁྱོན་བསྡོམས་མི་གྲངས་ལྔ་བཅུ་ཙམ་མཉམ་ཞུགས་གནང་ཡོད་པ་བཀོད་འདུག
ཚོགས་དུས་དང་པོའི་སྐབས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་ལྕམ་ཀ་རུ་ན་ ནཱན་དྷི་ལ་སོགས་པ་མཁས་པའི་མི་སྣ་གདན་ཞུས་ཀྱིས་རྒྱ་གར་དང་རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་བེུད་ཀྱི་བདེ་འཇགས་དང་། ཁྲིམས་ལུགས་འོག་གི་འགན་སྲུང་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་འདུག་པ་དང་། ཚོགས་དུས་གཉིས་པའི་ཐོག་བེུད་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བོུ་ཚེ་རིང་ལགས་སོགས་སྤྱི་ཚོགས་ཞབས་ཞུ་བའི་མི་སྣ་དང་མཁས་པའི་མི་སྣ་ཆེད་འདུས་ཀྱི་ཐོག་ནས་བེུད་སྤྱི་དང་ལྷག་པར་དུ་བོད་པའི་བེུད་ཚོར་ཤུགས་རྐྱེན་བཟོ་བའི་སྤྱི་ཚོགས་དང་ཆབ་སྲིད། ཁྲིམས་ལུགས་ཀྱི་གནད་དོན་སོགས་ཀྱི་ཐད་བགྲོ་གླེང་གནང་འདུག
ཐེངས་འདིའི་ཟབ་སྦྱོང་གི་ཐོག་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་སྐུ་ཞབས་ ཇེ་ཨེམ་མུ་ཁི་དང་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་ལ་སོགས་གནད་ཡོད་མི་སྣ་ཁག་ཅིག་གིས་ཚོགས་འདུའི་དབུ་འབྱེད་སྐབས་གསུང་བཤད་གནང་འདུག།  
གསར་འགོད་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org