བོད་ནང་ཟབ་སྦྱོང་འཛིན་གྲྭ་ཚོགས་བཞིན་པ་བཀག་བསྡོམས།

མདོ་སྨད་དམུ་དགེ་ཕྱོཊ་སུ་བོད་མི་དོ་སྣང་ཅན་ཚོས་དགུན་ཁའི་གུང་སེང་དང་བསྟུན་ས་གནས་ཀྱི་བོད་ཕྲུག་དག་ལ་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཚོགས་བཞིན་པ་བཀག་བསྡོམས་བྱས་འདུག

དམུ་དགེ་ནོར་བ་ཤང

དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། བོད་མདོ་སྨད་ཟི་ཁྲོན་དམུ་དགེ་ནོར་བ་ཤང་ཕྱོགས་སུ་བོད་མི་དོ་སྣང་ཅན་ཁག་གཅིག་གིས། མ་སྐུལ་དངས་བླངས་ཐོག་ན་ནིང་ནས་ལོ་ལྟར་དགུན་ཁའི་གུང་སེང་དང་བསྟུན་ས་གནས་ཀྱི་བོད་ཕྲུག་དག་ལ་བོད་ཀྱི་སྐད་ཡིག་རིག་གནས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཚོགས་བཞིན་པ་ས་གནས་དང་ཉེ་འཁོར་བོད་མི་ཚོས་དགའ་བསུ་དོ་སྣང་བྱུང་ཡོད་ཀྱང་། ད་ལོར་ཟླ་བ་འདིའི་ཟླ་འགོར་སྔ་ས་ནས་ནོར་བ་ཤང་ཐོག་གི་སློབ་གྲའི་ནང་ཚོགས་རྒྱུ་གྲ་སྒྲིག་བྱས་བའི་སྐབས་དེར་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཚོགས་མི་ཆོག་པའི་བཀའ་བཏང་ཡོད་པ་དང་། དེ་ནས་མི་སྒེར་གྱི་ཁྱིམ་ཚང་གི་སྒོ་རའི་ནང་ཚོགས་རྒྱུ་བྱས་སྐབས་དེ་ནས་ཡང་གོང་རིམ་གྱི་བཀའ་འཁྲོལ་མེད་པར་ཚོགས་མི་ཆོག་ཚུལ་བཤད་པ་སོགས་རྒྱུ་མཚན་གསལ་བོ་མེད་པར་བཀག་བསྡོམས་བྱས་བར་བརྟེན་ཚོགས་མ་ཐུབ་པར་ལུས་ཡོད་པ་དང་། གནས་ཚུལ་དེའི་ཐད་ས་གནས་བོད་མི་དང་ལྷག་དོན་མཉམ་ཞུགས་བྱེད་མཁན་བོད་ཕྲུག་ཚོས་བོད་མི་རིགས་ལ་སྐད་ཡིག་སློབ་སྦྱོང་གི་ཐོབ་ཐང་མེད་པ་འམ་ཡང་ན་དོགས་ཟོན་བྱེད་ཤུགས་ཆེ་དྲག་བ་ལ་ངོས་འཛིན་གྱིས་བློ་ཕམ་ཆེན་པོ་བྱེད་བཞིན་པ་རེད་འདུག

གནས་ཚུལ་ལྟར་ན་སྐད་ཡིག་གི་ཟབ་སྦྱོང་འཛིན་གྲྭ་དེ་ལོ་སྔོན་མར་ཟླ་ངོ་གཅིག་ཙམ་རིང་ནོར་བ་ཤང་ལ་ཚོགས་སྐབས་དེའི་ཉེ་འཁོར་གྱི་སྟོད་པ་ཤང་། སྨད་པ་ཤང་སོགས་ནས་བོད་ཕྲུག་མི་གྲངས་༡༠༠་ལྷག་མཉམ་ཞུགས་བྱས་ཡོད་པ་དང་། སྐབས་དེར་ཁོ་ཚོས་ཟབ་སྦྱོང་ལོ་ལྟར་ཚོགས་ཐུབ་པའི་རེ་སྐུལ་བྱས་ཡོད་པ་རེད་འདུག

དེ་བཞིན་དཀར་མཛེས་ཁུལ་གྱི་བེ་རི་དགོན་པའི་གོ་སྒྲིག་འོག་གི་དམིགས་བསལ་ཟབ་སྦྱོང་འཛིན་གྲྭ་དང་། སྡེ་དགེ་ཁུལ་གྱི་དགོན་སྡེ་ཁག་གི་ནང་བོད་ཕྲུག་ཚོར་སློབ་ཁྲིད་ཟབ་སྦྱོང་ཚོགས་བཞིན་པ་སོགས་ཡང་ཚོད་འཛིན་བཀག་བསྡོམས་བྱེད་བཞིན་པ་རེད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org