བོད་ཀྱི་གཞོན་ནུའི་ཚོགས་གཙོ་འཇུ་བཟུང་བྱས་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས་འཛིན་བཟུང་བྱས་འདུག

འདི་གའི་རླུང་འཕྲིན་ཁང་གི་ས་གནས་གསར་འགོད་པས་གནས་ཚུལ་བཏང་དོན། ཕྱི་ཚེས་ ༡༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གཙོས། ལྡི་ལི་ས་གནས་གཞོན་ནུ་དང་རོ་ཧེ་ནེ་ས་གནས་གཞོན་ནུ་བཅས་ཀྱི་ལས་འགུལ་བ་ ༡༣ ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན། བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བྱས་འདུག

ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་བརྗོད་དོན། བོད་མིའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ནི་ཚད་མཐོའི་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་པ་དང་། རང་ལུས་མེར་བསྲེགས་གནང་མཁན་བོད་མི་ཚོས་སོ་སོའི་སྐུ་ལུས་ཡོངས་རྫོགས་བོད་དོན་ཆེད་མེ་རུ་སྦར་བ་ནི་གཙོ་བོ་༧གོང་ས་མཆོག་ཕྱིར་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་བཙན་དགོས་ཞེས་འབོད་སྒྲ་སྒྲོག་བཞིན་པ་རེད་ཅེས་བརྗོད་ཐོག་ཕྱི་ཕྱོགས་ནས་བོད་མི་ཚོ་ས་གནས་གང་དུ་ཡོད་ཀྱང་བོད་དོན་ལས་འགུལ་སྤེལ་ཚད་ཡིན་པ་སོགས་བརྗོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org