གཞོན་ནུའི་ཚོགས་གཞོན་ཛ་དྲག་སྨན་ཁང་ལ་བསྐྱེལ་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོཌ་ཀྱི་ཚོཌ་གཞོན་དོན་གྲུབ་ལྷ་དར་ཟས་བཅད་ངོ་རྒོལ་ལས་འགུལ་ལས་བཙན་ཁྲིད་རྗེས་ཁོང་གི་མཁལ་མར་རྡོ་བསཌ་ནས་ཛ་དྲག་སྨན་ཁང་ལ་སྐྱེལ་དགོས་བྱུང་འདུག

བོད་ནང་བོད་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེཌ་གཏོང་བཞིན་པའི་ཛ་དྲག་གནས་སྟངས་སེལ་ཐབས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོཌ་ཀྱི་ཚོཌ་གཞོན་དོན་གྲུབ་ལྷ་དར་ལཌ་དང་། སྒྲིཌ་འཛུཌ་འགན་འཛིན་སྤེན་པ་ཚེ་རིང་། རིག་གཞུང་འགན་འཛིན་ཞོལ་པ་འཇིཌ་མེད་བཅས་གསུམ་པོས་རྒྱ་གར་གྱི་རྒྱལ་ས་ལྡིར་དགོས་འདུན་བཞི་དང་། འབོད་སྐུལ་གཅིག་བཏོན་ནས་ཟླ་དགུ་པའི་ཚེས་༣་ཉིན་ནས་དུས་ཚོད་ངེས་མེད་བར་ཟས་བཅད་ངོ་རྒོལ་བྱས་སྐབས། ཉིན་གྲངས་༢༠་རྗེས་རྒྱ་གར་གྱི་ཉེན་རྟོག་པས་ཁོང་རྣམས་པའི་སྐུ་གཟུཌ་གནས་སྟངས་ཞན་པོ་ཡོད་པའི་རྒྱུ་མཚན་གྱིས་བཙན་ཤེད་ཐོག་སྨན་ཁང་ལ་ཁྲིད་ནས་མི་འདོད་བཞིན་དུ་ལས་འགུལ་མཚམས་འཇོག་བྱེད་དགོས་བྱུང་ཐོག། སྨན་བཅོས་དང་མཉམ་སྨན་ཁང་ནས་བུད་ཡོད་ཀྱང་ཚོཌ་གཞོན་དོན་གྲུབ་ལྷ་དར་ཟས་བཅད་ངོ་རྒོལ་ལས་འགུལ་ལ་ཐེངས་གཉིས་ཤུགས་པ་སོགས་ཀྱི་རྐྱེན་བྱས་ནས་མཁལ་མར་རྡོ་བསཌ་ཡོད་པ་ཛ་དྲག་སྨན་ཁང་ལ་སྐྱེལ་དགོས་བྱུང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org