ཕྱི་རྒྱལ་གསར་འགོད་པ་རྫུན་མ་རེད་ཅེས་སྐད་ཅོར་རྒྱབ་འདུག
རྒྱ་ནག་གིས་གསར་འགོད་ལྷན་ཚོཊ་སྐབས་རྒྱ་མི་རིཊ་གསར་འགོད་པར་ཕྱི་རྒྱལ་གྱི་གསར་འགོད་པའི་མིང་བཏཊ་པར་སྐད་ཅོར་རྒྱབ་འདུག
-
2014-03-11 -
-
-
རྒྱ་ནག་གིས་གསར་འགོད་ལྷན་ཚོཊ་སྐབས་རྒྱ་མི་རིཊ་གསར་འགོད་པར་ཕྱི་རྒྱལ་གྱི་གསར་འགོད་པའི་མིང་བཏཊ་པར་སྐད་ཅོར་རྒྱབ་འདུག
དེ་ཡང་ཟླ༣པའི་ཚེས༡༡ཉིན་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཟུར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་བྱས་པ་དང་། གསར་འགོད་ལྷན་ཚོགས་དེའི་ཐོག་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་མཁན་རྒྱ་ནག་དབུས་གཞུང་དངུལ་ཁང་གི་འགོ་ཁྲིད་Zhou Xiaochuanདང་། དེ་མིན་གྱི་དཔོན་རིགས་མཐོ་གྲས་ཁག་ཅིག་ཡིན་ཞིང། སྐབས་དེར་གསར་འགོད་པ་མིང་ལ་Louise Kenneyཟེར་བའི་བེུད་ཅིག་གིས་ཁོང་ནི་Austrailiaའི་Global CAMG ཟེར་བའི་གསར་འགོད་པ་ཡིན་ཅེས་ངོ་སྤྲོད་བྱེད་ཞོར་རྒྱ་ནག་གཞུང་གིས་རྒྱ་ནག་གི་སོ་ནམ་འགན་ལེན་གྱི་ཁྲོམ་རའི་ནང་ཕྱི་རྒྱལ་གྱི་ཚོང་ལས་ཁང་མང་དུ་གཏོང་རྒྱུའི་གནས་ཚུལ་སྐོར་སྐད་ཆ་དྲིས་པའི་སྐབས། གསར་འགོད་ལྷན་ཚོགས་དེའི་ཐོག་སླེབས་པའི་ཕྱི་རྒྱལ་གསར་འགོད་པ་ངོ་མ་ཚོས་རྒྱ་སྐད་ཀྱི་ཐོག་ནས། ཁོང་ནི་ཕྱི་རྒྱལ་གསར་འགོད་པ་རྫུན་མ་རེད། ཕྱི་རྒྱལ་གསར་འགོད་པ་ངོ་མ་ཡིན་པ་ང་ཚོར་སྐད་ཆ་འདྲི་ཆོག་པའི་ཐོབ་ཐང་སྤྲོད་དགོས་ཡོད་ཅེས་སྐད་ཅོར་རྒྱབ་པའི་སྐབས་ཁྱུག་ཙམ་རིང་ལ་གསར་འགོད་ལྷན་ཚོགས་ཀྱི་ཚོགས་ཁང་ནང་དུ་སྐད་ཅོར་དང་དགོད་སྒྲས་ཁེངས་པའི་གནས་ཚུལ་བྱུང་ཡོད་པ་རེད།
རྒྱ་ནག་གཞུང་གིས་ལོ་ལྟར་ཚོགས་པའི་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་ཟུར་དུ་སྐོང་ཚོགས་བྱེད་པའི་གསར་འགོད་ལྷན་ཚོགས་ཐོག་ལ་ཕྱི་རྒྱལ་གསར་འགོད་པར་དྲི་བ་དྲི་བའི་ཐོབ་ཐང་ཧ་ཅང་གི་དཀོན་པོ་ཡིན་ཞིང་། དེར་བརྟེན་གསར་འགོད་ལྷན་ཚོགས་ཟེར་བའི་མིང་ཙམ་ལས་དོན་དངོས་ཐོག་གསར་འགོད་ལྷན་ཚོགས་མང་ཆེ་བ་ནི། སྐབས་དེར་གསར་འགོད་ལྷན་ཚོགས་ཐོག་དྲི་བ་དྲི་ལན་རྣམས་གྲ་སྒྲིག་ཨང་སར་ཡོད་པའི་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་དཔོན་རིགས་དང་རྒྱ་ནག་གཞུང་གི་ཤིན་ཧ་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱེད་པའི་རྣམ་པ་ཤུགས་ཆེན་པོ་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།