ནང་བའི་དགོན་པ་བཅུ་ལྷག་གཏོར་བཤིག་བཏང་འདུག

ཁ་ཆེའི་གསུང་རབ་ངོ་དེབ་ལ་བཞག་པའི་རྐྱེན་བྱས་ནས་བྷང་ལ་རྡེ་ཞི་ནང་གི་ཁ་ཆེ་བ་ཚོས་ཡུལ་དེར་ཡོད་པའི་ནང་པའི་དགོན་པ་བཅུ་ཙམ་དང་ཁང་པ་མང་པོ་གཏོར་བཤིག་བཏང་ཡོད་འདུག

AFP

ཨེ་པེ་གསར་ལས་ཁང་གིས་གནས་ཚལ་སྤེལ་གསལ། དེ་ཡང་ངོ་དེབ་དྲ་རྒྱའི་ནང་ས་གནས་དེའི་ནང་པ་ཡིན་པའི་བུ་ཞིག་གིས་མེ་འཚིག་བཞིན་པའི་ཁ་ཆེའི་གསུང་རབ་Koran བཞག་པར་ཁ་ཆེ་བ་ཚོས་འགྲིག་མིན་ལ་བརྙས་ཏེ་། གཟའ་སྤེན་པ་དང་ཉི་མའི་བར་གྲོང་ཁྱེར་དེའི་ནང་གི་ཁ་ཆེ་བ་སྟོང་ཕྲག་མང་པོས་ནང་པའི་དགོན་པ་ ༡༠ དང་། ཁང་པ་ ༤༠ ལྷག་མེར་བསྲེགས་བཏང་བའི་ཁྲོད་མི་གྲངས་ ༢༠ ཙམ་ལ་རྨས་སྐྱོན་ཡང་ཕོག་ཡོད་པ་རེད།

གནས་ཚུལ་ལྟར་ན། ནང་པའི་བུ་དེས་ཁ་ཆེའི་གསུང་རབ་ཀྱི་པར་དེ་ནོར་ནས་ངོ་དེབ་ལ་ཤོར་བ་ཡིན་པ་ལས་ཁོས་བསམ་བཞིན་དུ་བཅུག་པ་མིན་པ་གསལ་བཤད་བྱས་ཡོད།

མི་མང་ས་ཡ་ ༡༥༠ ཡོད་པའི་ Bangladesh་ནང་ནང་བ་མི་གྲངས་བརྒྱ་ཆ་གཅིག་ཙམ་ལས་མེད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org