མཇལ་འཕྲད་ཀྱི་རེ་འདུན་ཞུས་མེད་པ།
སྲིད་འཛིན་ལ་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་དགོས་པའི་རེ་འདུན་གང་ཡང་མ་ཞུས་པའི་དམིགས་ཡུལ་ཡང་ཆིབས་བསྒྱུར་རིང་རྒྱ་ནག་གི་ཕྱོགས་ནས་བསུན་པོ་མི་བཟོ་བའི་ཆེད་དུ་ཡིན་ཟེར།
-
2013-10-11 -
-
-
སྲིད་འཛིན་ལ་༧གོང་ས་མཆོག་མཇལ་འཕྲད་ཞུ་དགོས་པའི་རེ་འདུན་གང་ཡང་མ་ཞུས་པའི་དམིགས་ཡུལ་ཡང་ཆིབས་བསྒྱུར་རིང་རྒྱ་ནག་གི་ཕྱོགས་ནས་བསུན་པོ་མི་བཟོ་བའི་ཆེད་དུ་ཡིན་ཟེར།
དེ་རིང་ཕྱི་ཟླ་༡༠པའི་ཚེས་༡༡ རེས་གཟའ་པ་སངས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་Mexico ཡུལ་དུ་ཆིབས་བསྒྱུར་གྱིས་མཛད་འཕྲིན་ཁག་གཅིག་བསྐྱངས་རྒྱུ་ཡིན་པ་དང་། ད་རེས་ཆིབས་བསྒྱུར་ཐེངས་བཞི་པའི་སྐབས་Mexico དཔོན་རིགས་ནས་མཇལ་འཕྲད་ཞུ་རྒྱུའི་འཆར་གཞི་མེད་པ་དང། དེ་ནི་Mexico གཞུང་གིས་རྒྱ་ནག་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་དམིགས་པ་ཞིག་ཡིན་ཐོག དེ་ཐད་Mexico ལ་ཡོད་པའི་བོད་ཁང་གསར་འཛུགས་གནང་མཁན་དང་། ༧གོང་ས་མཆོག་ལ་ཆིབས་བསྒྱུར་གྱི་གདན་ཞུ་ཕུལ་མཁན་བོད་ཁང་གི་ཚོགས་གཙོ་Marco Antonio Karam ཡིས་བརྗོད་དོན། Mexico སྲིད་འཛིན་Enrique Nieto སོགས་དཔོན་རིགས་ནས་ད་རེས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་རེ་འདུན་གྱི་གནས་ཚུལ་གང་ཡང་གནང་མ་བྱུང་། ང་ཚོའི་བོད་ཁང་གི་ངོས་ནས་ཀྱང་དཔོན་རིགས་ཚོར་༧གོང་ས་མཆོག་མཇལ་འཕྲད་ཞུ་དགོས་པའི་རེ་འདུན་སོགས་གང་ཡང་བཏོན་མེད། དེ་ནི་ང་ཚོའི་ངོས་ནས་མཇལ་འཕྲད་ལ་བརྟེན་ནས་བསུན་བཙིར་སོགས་མི་ཡོང་བའི་ཆེད་ཡིན་ཅེས་གསུངས་འདུག
སྤྱིར་བཏང་༧གོང་ས་མཆོག་དེ་སྔ་ཁུལ་དེར་ཐེངས་གསུམ་ཆིབས་བསྒྱུར་མཛད་པའི་སྐབས་Mexico སྲིད་འཛིན་རིམ་པ་གཉིས་དང་། དཔོན་རིགས་ཚོས་མཇལ་འཕྲད་ཞུས་མྱོང་ཡོད་པ་རེད།