རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ།

བཞུཌ་སྒར་རྡ་རམ་ས་ལར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཌ་པའི་ཚོཌ་ཆེན་སྔ་རོལ་ཚེས་༡༥ཉིན་རྡ་སའི་ཁྲོམ་གཞུང་དུ་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག

དེ་ཡང་ལས་འགུལ་དེ་ནི་བོད་ཀྱི་བེུད་ལྷན་ཚོཌ་དང་། བོད་རྒྱལ་ཡོངས་མང་གཙོ་ཚོཌ་པ། དགུ་བཅུ་གསུམ་ལས་འགུལ་ཚོཌ་པ། རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོཌ་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོཌ་པ།  དེ་བཞིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཌ་པས་གོ་སྒྲིཌ་ཞུ་བཞིན་ཡོད་པ་དང་། ལས་འགུལ་དེའི་ནང་ཕྱིའི་རྒྱལ་ཁབ་༣༠་ལྷག་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་ཚོཌ་པ་ཁག་གི་སྐུ་ཚབ་འཐུས་མི་རྣམས་དང་། ས་གནས་བོད་མི་རྒྱ་གར་ཡུལ་མི་ ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་སོཌ་མི་མང་ཧ་ཅང་མང་པོ་ཞུཌ་འཆར་ཡོད་འདུག གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་དེ་དབུ་འཛུཌ་མ་གནང་གོང་ལ་རྒྱ་ནག་གི་སྲིད་འཛིན་གསར་པར་བསྐོ་བཞག་བྱ་རྒྱུ་ངེས་པ་ཞི་ཅིན་ཕིན་གྱི་རྒྱབ་ལྗོངས་གནས་ཚུལ་སྐོར་ལ་བོད་ཡིག་དང་དབྱིན་ཡིག་སྤེལ་བའི་ཡིག་ཆ་ཁག་མང་ཚོཌ་ལ་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག

རྒྱ་ནག་གཞུང་ལ་མང་ཚོཌ་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་དེའི་ནང་མཉམ་བཞུཌ་གནང་མཁན་ཚོཌ་པ་སྒྲིཌ་འཛུཌ་ཁག་གི་འགོ་ཁྲིད་རྣམས་ནས་གསུངས་བཤད་གནང་བའི་རྗེས་སུ་མང་ཚོཌ་ནས་བོད་ནང་གི་གནས་སྟངས་ལ་སེམས་འཚབ་ཡོད་པ་སོཌ་ཀྱི་སྐོར་ལ་ཞི་ཅིན་ཕུན་གཙོས་པའི་རྒྱ་ནག་དམར་ཤོག་ཚོཌ་པའི་དཔོན་རིགས་གསར་པ་ཚོར་བརྡ་ལན་སྤྲོད་རྒྱུའི་གོ་སྐབས་ཀྱང་གནང་འཆར་འདུག  ཡང་སྐབས་དེར་མང་ཚོཌ་ནས་དེང་སྐབས་བོད་ནང་གི་བོད་མི་མང་པོས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དང་། བོད་མིའི་ཞི་རྒོལ་ དེ་བཞིན་བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་མིའི་བཙན་དབང་ལ་འགོག་རྒོལ་གནང་དང་གནང་བཞིན་པ་པ་སོཌ་ཀྱི་སྐོར་ལ་བསམ་ཚུལ་ཇི་ཡོད་ཤོད་རྒྱུའི་གོ་སྐབས་གནང་འཆར་ཡོད་པ་རེད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org