དྲ་གནས་སུ་ནད་འབུ།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ཡིག་དྲ་གནས་སུ་ངོས་འཛིན་མ་ཐུབ་པའི་ནད་འབུ་ཞིག་གིས་གནོད་འཚེ་བཟོས་ཏེ་བལྟ་ཀློག་བྱེད་རྒྱུ་མེད་པར་གྱུར་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་དྲ་གནས།

༄༅།    །དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བཀྲིས་ཕུན་ཚོགས་ལགས་ཀྱིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་ཡིག་དྲ་གནས་དེ་བལྟ་ཀློག་བྱེད་རྒྱུ་མེད་པར་གྱུར་ཡོད་པར་བརྟེན་ནས་དྲ་གནས་ཀྱི་ཐོག་གནོད་འཚེ་བཟོ་མཁན་གྱི་ནད་འབུ་དེའི་རིགས་ག་རེ་ཡིན་མིན་རྩད་འཚོལ་བྱེད་བཞིན་ཡོད་ལུགས་གསུངས་འདུག ཁོང་གིས་ད་དུང་།    དེ་སྔའང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཇི་དང། བོད་ཡིག    རྒྱ་ཡིག་བཅས་ཀྱི་དྲ་གནས་ཐོག་གནོད་འཚེ་བྱུང་སྟེ་བེད་སྤྱོད་གཏོང་རྒྱུ་མེད་པ་ཆགས་པའི་གནས་ཚུལ་ཐེངས་འགའ་ཤས་བྱུང་མྱོང་ཡོད་སྐོར་གསུངས་འདུག        དེ་བཞིན་ང་ཚོའི་དྲ་གནས་ཐོག་ལ་རྒྱ་མི་རིགས་དྲ་གནས་གནོད་འཚེ་གཏོང་མཁན་གྱིས་དུས་རྒྱུན་དུ་ནས་གནོད་འཚེ་གཏོང་གི་ཡོད་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད། འོན་ཀྱང་ཁོང་གིས་ད་རེས་རྒྱ་ཡིག་དྲ་རྒྱ་བེད་སྤྱོད་གཏོང་རྒྱུ་མེད་པར་གྱུར་བའི་གནས་སྟངས་དེ་ནི་གནས་ཚུལ་རྐུ་འཁྱེར་བྱེད་མཁན་གྱིས་ཆེད་དུ་གནོད་འཚེ་བཟོས་པ་ཞིག་ཡིན་མིན་གནས་ཚུལ་ད་ལྟ་ངེས་གཏན་གསུང་ཐུབ་ཀྱི་མེད་པའི་འགྲེལ་བརྗོད་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org