མགོ་ལོག་འཇིཊ་མེད་འཛིན་བཟུང་བཀའ་རྒྱ་དང་བློ་འཚབ།

ཉེ་ཆར་མགོ་ལོག་འཇིཊ་མེད་ལ་རྒྱ་ནག་གིས་མི་བསད་པའི་ཉེས་པ་བཙུཊ་ཏེ་འཛིན་བཟུང་བརྡ་ཁྱབ་བཏང་བར་རྒྱ་ནག་གཞུང་གིས་ཁོང་ལ་སྲོག་ཐོག་གི་ཉེས་ཆད་གཏོང་སྲིད་པའི་བློ་འཚབ་གནང་མཁན་ཡོད་པ་རེད།

དེ་ཡང་ཚེས་༤ ཉིན་བཙན་བྱོལ་བོད་མིའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང། མགོ་ལོག་འཇིགས་མེད་ལགས་ཀྱི་མཚན་གཞན་ལ་འཇིགས་མེད་རྒྱ་མཚོ་ཞུ་བ་དང༌། ཁོང་འདི་ལོའི་ཕྱི་ཟླ་དགུ་པའི་ཚེས་༢༠ ཉིན་བླ་བྲང་དགོན་པ་ནས་ཀན་ལྷོ་གཙོད་གྲོང་ཁྱེར་དུ་བསྐྱོད་པའི་ལམ་བར་ནས་གར་སོང་མེད་པ་གྱུར་ཡོད་པ་རེད། འོན་ཀྱང་ཉེ་ཆར་ཕྱི་ཟླ་༡༡ པའི་ཚེས་༢༨ ཉིན་ཀན་སུའུ་ཞིང་ཆེན་གྱི་སྤྱི་བདེ་ལས་ཁུངས་ཀྱིས་མགོ་ལོག་འཇིགས་མེད་རྩིས་སྤྲོད་མཁན་ལ་རྒྱ་སྒོར་ཁྲི་ཉི་ཤུ་རྔན་པ་སྤྲོད་རྒྱུ་ཡིན་ཞེས་ལག་འཁྱེར་ཁ་པར་ནང་འཕྲིན་ཐུང་བརྡ་ཁྱབ་བཏང་ཡོད་པ་དང་། མགོ་ལོག་འཇིགས་མེད་ལགས་ཀྱིས་དོན་གྲུབ་དབང་ཆེན་ལགས་ལ་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་སྐྲུན་ཕྱག་རོགས་གནང་ཞིང༌། དོན་གྲུབ་དབང་ཆེན་ལགས་ད་ལྟ་བཙོན་ཁང་དུ་ཡོད་པ་དང༌། མགོ་ལོག་འཇིགས་མེད་ལགས་༢༠༠༨ དང་༢༠༠༩ ལོར་ཐེངས་གཉིས་འཛིན་བཟུང་བྱས་མྱོང་བ་དང་། དེ་རྗེས་གློད་བགྲོལ་བཏང་ཡང་རྒྱ་ནག་གཞུང་གིས་བལྟ་རྟོགས་འོག་གནས་ཤིང༌། ད་ཐེངས་རྒྱ་ནག་གཞུང་གིས་ཁོང་ལ་མི་བསད་པའི་ཉེས་པ་བཙུགས་ཏེ་འཛིན་བཟུང་བརྡ་ཁྱབ་བཏང་བར་རྒྱ་ནག་གཞུང་གིས་ཁོང་ལ་སྲོག་ཐོག་གི་ཉེས་ཆད་གཏོང་སྲིད་པའི་བློ་འཚབ་གནང་མཁན་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས། མགོ་ལོག་འཇིགས་མེད་ལགས་ཀྱི་གཙོས་པའི་རྒྱ་ནག་གཞུང་གི་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་ལ་བློ་འཚབ་ཆེན་པོ་གནང་གི་ཡོད་པ་སོགས་འཁོད་འདུག།

ཡང་དེའི་སྐོར་འདི་གའི་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཁ་པར་ཐོག་གི་བརྡ་འཕྲིན་འདིའི་ནང་འཁོད་པར། འཇུ་བཟུང་གི་བརྡ་ཁྱབ་སྟེ། མགོ་ལོག་འཇིགས་མེད་དམ་སྐྱ་མིང་ལ་བློ་བཀྲ་དང་།  ཡང་ན་མིང་གཞན་ལ་འཇིགས་མེད་བློ་བཟང་ཟེར་བ་དེ་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་མི་ཡིན་ཞིང་། བླ་བྲང་དགོན་པའི་དགེ་འདུན་པ་ཡིན་པ་བརྗོད་པའི་ཐོག་མི་བསོད་ཀྱི་ཉེས་པ་བསག་པའི་དོགས་གཞིའི་འོག་འཛིན་བཟུང་བྱ་རྒྱུ་ཡིན་པ་བརྗོད་འདུག་ལ། དུས་མཚུངས་མགོ་ལོག་འཇིགས་མེད་འཛིན་བཟུང་ཐུབ་མཁན་ཚན་པ་དང་ཡང་ན་གནས་ཚུལ་མཁོ་སྤྲོད་བྱ་མཁན་ལ་རྒྱ་ནག་གི་མི་དམངས་ཤོག་སྐོར་ཁྲི་ཉི་ཤུ་སྤྲོད་རྒྱུ་ཡིན་པས་སྤྱི་བདེ་ཚན་པའི་ཁ་པར་མི་འདྲ་པ་བཞིའི་ཨང་གྲངས་མཁོ་བཏོན་བྱས་ཤིང་།  རྗེས་འདིར་ཀན་སུའུ་ཞིང་ཆེན་སྤྱི་བདེ་ཚན་པའི་མིང་བཀོད་ཡོད་འདུག

སྐུ་ཞབས་མགོ་ལོག་འཇིགས་མེད་ལགས་ནི་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་དགེ་འདུན་པ་ཞིག་ཡིན་ཞིང་།       མཚན་ཆ་ཚང་ལ་འཇིགས་མེད་རྒྱ་མཚོ་ཞུ་གི་ཡོད་པ་དང་དགུང་གྲངས་༤༣ལ་ཕེབས་ཀྱི་ཡོད་འདུག་ལ།        ཁོང་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་རྟ་རྫོང་ལ་འཁྲུངས་བཞག         ཁོང་དེ་སྔོན་སྤྱི་ལོ་༢༠༠༨ལོ་དང་སྤྱི་ལོ་༢༠༠༩ལོར་ཐེངས་གཉིས་འཛིན་བཟུང་བྱ་མྱོང་ཡོད་པ་དང་།       རྒྱུ་མཚན་གཙོ་བོ་ནི་ཁོང་གིས་ད་ལྟ་བཙོན་བཅུག་འོག་ཡོད་པའི་དོན་གྲུབ་དབང་ཆེན་ལགས་སུ་དངོས་བཤུས་གློག་བརྙན་<<འཇིགས་བྲལ།>> པར་ལེན་བྱེད་སྐབས་རོགས་རམ་ཞུས་པས་ཡིན་པ་རེད།

ད་ལོ་ཟླ་བ་དགུ་པའི་ནང་སྐུ་ཞབས་མགོ་ལོག་འཇིགས་མེད་ལགས་ཀྱིས་ཁོང་ལ་ཉེན་རྟོག་ཚན་པ་ནས་དཀའ་ངལ་བཟོ་གི་ཡོད་པའི་སྐོར་ཁོང་ནས་གསུངས་པར།     ད་ལྟ་ཁོང་ལ་དཀའ་ངལ་འཕྲད་མིན་ལ་མ་བལྟོས་པར་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་བློས་གཏོང་དགོས་པ་དང་དེའི་ཐོག་ཁོང་ནས་དམ་བཅའ་བརྟན་པོ་ཡོད་ཅེས་དང་།      དེ་ཡང་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ས་ཡ་དྲུག་གིས་ཐུན་མོང་ཐོག་འབད་བརྩོན་ཞུ་དགོས་པ་ཞིག་ཡིན་པ་གསུངས་འདུག

ཤེས་རྟོགས་བྱུང་བར་གཞིགས་ན།       ཟླ་༩ཚེས་༡༩ཉིན་མགོ་ལོག་འཇིགས་མེད་ལགས་དང་དེ་མིན་དགེ་འདུན་པ་ཞིག་ལན་ཀྲའོ་ཡི་ཁྱིམ་ཚང་ཞིག་ནས་ཞབས་བརྟན་ལ་གདན་འདྲེན་ཞུས་ཤིང་།  ཟླ་༩ཚེས་༢༡ཉིན་མགོ་ལོག་འཇིགས་མེད་ལགས་ཀྱིས་ཁུལ་དེའི་གྲོང་ཁྱེར་གཙོད་ནང་ལས་དོན་གྲུབ་པར་སྐྱོད་པ་མ་ཟད།     ཉིན་གཅིག་བཞག་སྡོད་གནང་ཡོད།      དེ་ནས་ཉིན་གཉིས་པ་དེར་བླ་བྲང་དགོན་པར་ཕྱིར་ལོག་གནང་བའི་ལམ་བར་དུ་ག་སོང་ཆ་མེད་ལ་གྱུར་བ་དང་དེ་ནས་ཁོང་གི་གནས་ཚུལ་གང་ཡང་ཐོས་རྒྱུ་མེད་པར་གྱུར་ཡོད།

ཟླ་བ་དགུ་པའི་ཟླ་སྟོད་ཀྱི་ཉིན་ཞིག་གི་མཚན་མོར་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་ཡོད་སའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ཚན་པ་ག་གེ་མོ་ཞིག་ནས་གློ་བུར་དུ་མི་སྣ་མངགས་གཏོང་བྱས་ཏེ་ས་འདྲུས་འཕྲུལ་འཁོར་བཏང་ནས་མགོ་ལོག་འཇིགས་མེད་ལགས་ཀྱི་གྲ་ཤག་ཤུལ་མེད་དུ་བཏང་བ་དང་།        ཁོང་ཚོ་ཚན་པ་གང་གི་ཁོངས་གཏོགས་ཡིན་པ་གསལ་བཤད་གང་ཡང་མ་བྱས་པར་ཁང་པ་བཤིག་པ་དེ་སྲིད་གཞུང་གི་གྲོང་ཁྱེར་འཛུགས་སྐྲུན་དང་འབྲེལ་བ་ཡོད་པ་བརྗོད་ཡོད།        མགོ་ལོག་འཇིགས་མེད་ལགས་ཀྱི་གྲ་ཤག་ཧ་ཅང་ཆུང་ཆུང་ཡིན་ན་ཡང་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་ཡོངས་ཀྱི་ནང་ནས་ཁོང་གི་གྲ་ཤག་མ་གཏོགས་བཤིག་མེད།

ད་ཐེངས་ཀན་སུའུ་ཞིང་ཆེན་སྤྱི་བདེ་ཚན་པ་ནས་བླ་བྲང་དགོན་པའི་དགེ་འདུན་པ་མགོ་ལོག་འཇིགས་མེད་ལགས་འཇུ་བཟུང་གི་བཀའ་རྒྱ་བཏང་བ་འདིའི་ཐོག་མི་མང་པོས་སེམས་འཚབ་བྱེད་བཞིན་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org