རྒྱལ་སྤྱིའི་ཞི་བདེ་དང་འགྲིགས་འཇགས་ཀྱི་གཟེངས་རྟཌ།

རྒྱ་གར་གྱི་མེས་པོ་དམ་པ་རྒན་རྡིའི་རྒྱལ་སྤྱིའི་ཞི་བདེ་དང་འགྲིགས་འཇགས་ཀྱི་གཟེངས་རྟགས་༸གོང་ས་མཆོག་ལ་འབུལ་ལམ་ཞུ་རྒྱུ།

༄༅༎རྒྱ་གར་གྱི་མེས་པོ་དམ་པ་རྒན་རྡིའི་རྒྱལ་སྤྱིའི་ཞི་བདེ་དང་ འགྲིགས་འཇགས་ཀྱི་གཟེངས་རྟགས་དེ་བཞིན་ སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོགལ་ དེ་སྔོན་ཕུལ་བ་དེ་ བདུན་ཕྲག་རྗེས་མའི་ནང་ ༧གོང་ས་མཆོག་སྐུ་དངོས་ལ་འབུལ་ལམ་ཞུ་རྒྱུ་ཡིན་པའི་གནས་ཚུལ་ཐོན་བཞག་ ད་ལོའི་ཕྱི་ཟླ་ ༡༠ པའི་ནང་ ལྷོ་ཨཕ་རི་ཀར་རྟེན་གཞི་བྱས་པའི་མེས་པོ་དམ་པ་རྒན་རྡིའི་འཛུགས་བསྐྲུན་ཐེབས་རྩ་ཚོགས་པས་ འདི་ལོའི་ རྒྱལ་སྤྱིའི་ཞི་བདེ་དང་ འགྲིགས་འཇགས་ཀྱི་གཟེངས་རྟགས་དེ་བཞིན་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོགལ་འབུལ་ལམ་ཞུ་ཕྱིར་ གོང་ས་མཆོག་ཡུལ་དེར་གདན་ཞུ་ཕུལ་ཡང་ རྒྱ་ནག་གཞུང་གི་གནོན་ཤུགས་འོག ལྷོ་ཨཕ་རི་ཀའི་གཞུང་གིས་ གོང་ས་མཆོག་ལ་ཐོངས་མཆན་དུས་ཐོག་ལ་མ་ཕུལ་བར་བརྟེན་གོང་ས་མཆོག་གིས་ ཡུལ་དེར་ཆིབས་བསྒྱུར་གནང་རྒྱུ་ཕྱིར་འཐེན་གནང་དགོས་བྱུང་བ་རེད་ སྐབས་དེར་ ལྷོ་ཨཕ་རི་ཀར་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་སྐུ་ཚབ་ སྐུ་ཞབས་ བསོད་ནམས་བསྟན་འཛིན་ལགས་སུ་ཕུལ་ཡོད་པ་རེད་ སྐབས་དེར་ ལྷོ་ཨཕ་རི་ཀར་རྟེན་གཞི་བྱས་པའི་མེས་པོ་དམ་པ་རྒན་རྡིའི་འཛུགས་བསྐྲུན་ཐེབས་རྩ་་ཚོགས་པས་ཁས་ལེན་གནང་བ་ལྟར་ རྒན་རྡིའི་རྒྱལ་སྤྱིའི་ཞི་བདེ་དང་ འགྲིགས་འཇགས་ཀྱི་གཟེངས་རྟགས་དེ་བཞིན་ སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོགལ་ ལོ་གསར་པའི་ཕྱི་ཟླ་དང་པོའི་ཚེས་ ༤འི་ཉིན་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཤིག་གི་སར་ ་ རྒན་རྡིའི་ཐེབས་རྩ་ཚོགས་པའི་འགན་འཛིན་ ལྕམ་ ཨི་ལ་ རྒན་རྡི ཡིས་ འབུལ་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག།

 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org