ཨ་རིར་བོད་ཀྱི་གཟའ་འཁོར་ཞེས་བའི་དུས་སྟོན་ཚོགས་རྒྱུ།
རིང་མིན་ཨ་མི་རི་ཀར་བོད་ཀྱི་གཟའ་འཁོར་ཞེས་བའི་དུས་སྟོན་འཚོཊ་སྐབས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་སྣ་མང་སྤེལ་རྒྱུ་ཡིན་འདུག
-
2014-03-18 -
-
-
རིང་མིན་ཨ་མི་རི་ཀར་བོད་ཀྱི་གཟའ་འཁོར་ཞེས་བའི་དུས་སྟོན་འཚོཊ་སྐབས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་སྣ་མང་སྤེལ་རྒྱུ་ཡིན་འདུག
དེ་ཡང་གནས་ཚུལ་ལྟར་ན། རིང་མིན་ཨ་མི་རི་ཀའི་མཚན་སྙན་ཆེ་བའི་Emoryགཙུག་ལག་སློབ་གྲྭའི་ནང་འཚོགས་རྒྱུའི་བོད་ཀྱི་གཟའ་འཁོར་ཞེས་པའི་དུས་སྟོན་སྐབས། བོད་ཀྱི་ནང་ཆོས་ཐོག་ནས་སྒོམ་གྲུབ་དང་། རྡུལ་མཚོན་གྱི་དཀྱིལ་འཁོར་བཞེངས་རྒྱུ་སོགས་བོད་ཀྱི་རིག་གཞུང་དང་ཚན་རིག་སོགས་ཀྱི་བྱེད་སྒོ་སྣ་མང་ཞིག་སྤེལ་རྒྱུ་ཡིན་པ་དང་། དེ་ནི་Emoryགཙུག་ལག་སློབ་གྲྭའི་ནང་ལོ་ལྟར་བཞིན་བོད་ཀྱི་གཟའ་འཁོར་ཞེས་པ་གོ་བསྒྲིགས་ཞུ་གི་ཡོད་པ་ལྟར། འདི་ལོའི་བོད་ཀྱི་གཟའ་འཁོར་ཞེས་པའི་དུས་སྟོན་དེ་ཕྱི་ཟླ་གསུམ་པའི་ཚེས་༢༤ ནས་༢༩ བར་གཟའ་འཁོར་གཅིག་རིང་གོ་བསྒྲིགས་ཞུ་རྒྱུ་ཡིན་ཞིང། Emory གཙུག་ལག་སློབ་གྲྭའི་ནང་གི་ཆོས་ལུགས་ཚན་པའི་ནང་ཆོས་སློབ་ཁྲིད་གནང་མཁན་དང་། Emoryགཙུག་ལག་སློབ་གྲྭ་དང་བོད་ཀྱི་ལས་དོན་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས། ལོ་ལྟར་གྱི་བོད་ཀྱི་གཟའ་འཁོར་དུས་སྟོན་སྐབས་བོད་ཀྱི་རིག་གཞུང་རྣམ་གྲངས་མི་འདྲ་བ་མང་པོ་ཞིག་བཤམ་སྟོན་དང་གོ་བསྒྲིགས་ཞུ་གིན་ཡོད་པ་ལྟར་འདི་ལོ་ཡང་དེ་ལྟར་ཞུ་རྒྱུ་ཡིན་པའི་ཁར་ད་དུང་སློབ་ཕྲུག་གིས་སྣེ་ཁྲིད་པའི་བོད་དང་རྒྱ་ནག་སྐོར་གྱི་བྱེད་སྒོ་རྣམ་གྲངས་གསར་པ་མང་པོ་ཞིག་གོ་བསྒྲིགས་ཞུ་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསུང་ཡོད་པ་རེད། འདི་ལོའི་བོད་ཀྱི་གཟའ་འཁོར་ཞེས་པའི་དུས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་དེ་ཕྱི་ཟླ་གསུམ་པའི་ཚེས་༢༤་ཉིན་གནང་རྒྱུ་དང། མཛད་སྒོ་དེ་བཞིན་Michael C. Carlosཞེས་པའི་འགྲེམས་སྟོན་ཁང་དུ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་དང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊ་བོད་མིའི་གཞིས་ཆགས་སུ་ཆགས་པའི་གདན་ས་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཚོས་དབུ་འབྱེད་གནང་རྒྱུ་དང། དགེ་འདུན་པ་ཚོས་རྡུལ་མཚོན་དཀྱིལ་འཁོར་བཞེངས་བཞིན་པའི་སར་མི་དམངས་ལ་མཇལ་ཁ་ཞུ་རྒྱུ་ཡོད་པ་ལྟར་འདི་ལོ་དགེ་འདུན་པ་ཚོས་བྱམས་བརྩེའི་བདག་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་བཞེངས་གྲུབ་གནང་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ་ཉི་མ་གཡུ་སྒྲོན།