ཞི་བདེའི་སྤྱི་ཚོཊ་བསྐྲུན་ཐབས་ཐད་སྐུལ་མ་གནང་འདུག

༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་བ་མེད་པའི་ཞི་བདེའི་སྤྱི་ཚོགས་ཤིག་བསྐྲུན་གལ་ཆེ་བའི་སྐོར་ནོ་སྦེལ་ཞི་བདེའི་ལྷན་ཚོགས་སུ་སྐུལ་མ་གནང་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ པར། སྐུ་སྒེར་དྲ་བ།

༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་བ་མེད་པའི་ཞི་བདེའི་སྤྱི་ཚོགས་ཤིག་བསྐྲུན་གལ་ཆེ་བའི་སྐོར་ནོ་སྦེལ་ཞི་བདེའི་ལྷན་ཚོགས་སུ་སྐུལ་མ་གནང་འདུག

དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལེནཌའི་རྒྱལ་ས་ཝར་སོ་རུ་ཚུགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ཆེས་མཐོའི་ལྷན་ཚོགས་ཐོག་དམག་འཐབ་མེད་པའི་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཇི་ལྟར་བསྐྲུན་ཐབས་སྐོར་བཀའ་སློབ་བསྩལ་གནང་ནས་འཚེ་བ་མེད་པའི་ཞི་བདེའི་སྤྱི་ཚོགས་ཤིག་བསྐྲུན་གལ་ཆེ་བ་ལྷན་ཚོགས་སུ་སྐུལ་མ་གནང་འདུག

ཚེས་༢༣ཉིན་ཞི་བདེའི་ལྷན་ཚོགས་མཇུག་སྒྲིལ་བའི་སྐབས་ཞི་བདེའི་དེད་དཔོན་རྣམས་ནས་ཟུང་འབྲེལ་གྱི་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། Syria ནང་གི་དཀའ་རྙོག་གཙོས་པའི་འཛམ་གླིང་གི་ས་ཕྱོགས་གང་སར་ཡོང་བཞིན་པའི་དྲག་ཟིང་གི་དཀའ་རྙོག་དེ་དག་ འཚེ་བ་མེད་པ་དང་། ཞི་བདེའི་ཐབས་ལམ་བརྒྱུད་ནས་དཀའ་རྙོག་སེལ་ཐབས་གནང་དགོས་པ་དང་། འཛམ་གླིང་གི་དབུ་ཁྲིད་རྣམ་པས་འཛམ་གླིང་ཁྱོན་ཡོངས་ཐོག་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་ཐབས་ཀྱི་འབད་བརྩོན་གནང་དགོས་པ།  དེ་བཞིན་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྒྱ་རིགས་རྩོམ་པོ་པོ་ལུ་ཤོ་པོ་གློད་བཀྲོལ་ཡོང་བའི་རེ་སྐུལ་བཅས་གསལ་འདོན་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org