གྲོས་ཚོགས་འཐུས་མིར་བཀའ་སློབ།

༧གོང་ས་མཆོག་ནས་Wisconsinམངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་ལ་བཀའ་གནང་འདུག

༧གོང་ས་མཆོག་ཝིས་ཀན་སིན་དུ་ཞབས་སོར་འཁོད་པ། ཝིས་ཀན་སིན་བོད་རིགས་ཚོགས་པ།

༄༅།    །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཕྱི་ཚེས་༡༤ཉིན་ཨ་རིའི་Wisconsinམངའ་སྡེའི་གྲོས་ཚོགས་འཐུས་མི་རྣམ་པར་བཀའ་སློབ་བསྩལ་གནང་མཛད་འདུག མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་ལ།  མི་རེ་ཟུང་གིས་ཆབ་སྲིད་ཀྱི་དབང་ཆ་འཛིན་རྒྱུ་དེ་ཉེན་ཁ་ཆེན་པོ་ཡོད་སྐོར་བཀའ་གནང་སྟེ། སྲིད་བྱུས་གཏན་འབེབས་བྱ་རྒྱུར་ཨ་རིའི་སྲིད་དོན་པ་ཚོར་ཆུང་དུས་ནས་མའི་བརྩེ་སེམས་ངེས་པར་དགོས་གལ་ཆེ་བའི་སྐོར་བཀའ་གནང་འདུག    Wisconsin མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་པས་༧གོང་ས་མཆོག་ལ་སྣེ་ལེན་ཞུས་པ་དེ་ནི་ཚོགས་པ་གཅིག་གི་དབང་ཤུགས་འོག་འགྲོ་མཁན་ཨ་རིའི་ས་གནས་གྲོས་ཚོགས་ཤིག་ནང༌། སྲིད་དོན་ཚོགས་པ་ཕྱོགས་གཉིས་ཀས་མོས་མཐུན་ཞུས་པའི་གནད་དོན་ཞིག་ཡིན་པ་རེད།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ཆུང་བྱིས་པ་ཚོར་ཐོག་མར་རང་ནས་ཆོས་ལ་ཁས་ལེན་མིན་མ་མ་བལྟོས་པར་འཛམ་གླིང་སྤྱི་ལ་ཁྱབ་པའི་བཟང་སྤྱོད་གཞི་ལ་བཞག་པའི་ཤེས་ཡོན་སློབ་སྤེལ་གནང་དགོས་རྒྱུ་གལ་ཆེ་ཡིན་སྐོར་བསྐྱར་ནན་བཀའ་གནང་འདུག  ༧གོང་ས་མཆོག་ནས་སྐབས་དེར་ད་དུང་།    ཆུང་དུས་ནས་མའི་བྱམས་བརྩེས་སྐྱོང་བའི་སྲིད་དོན་མི་སྣ་ཚོ་རྒྱུན་དུ་ནས་སེམས་ནང་ཞི་བདེ་བག་ཕེབས་ཆེ་བ་ཡོད་པར་ངོས་འཛིན་གནང་བཞག།    ༧གོང་ས་མཆོག་ནས་ཁ་སང་ཝིས་ཀོན་སིན་མངའ་སྡའི་གྲོས་ཚོགས་འཐུས་མིར་བཀའ་སློབ་མ་གནང་གོང་།    མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་མོལ་ཡང་གནང་ཡོད་པ་རེད།    སྲིད་སྐྱོང་ Scott Walkerམཆོག་གིས་ད་རེས་ཀྱི་མཇལ་མོལ་དེའི་སྐབས་གཙོ་བོ་༧གོང་ས་མཆོག་གི་བཀའ་སློབ་ལ་གསན་ཞིབ་གནང་ཡོད་སྐོར་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org