བོད་ནང་མང་གཙོའི་ལམ་ལུགས་འབྱུང་ཐབས་སུ་རྒྱབ་སྐྱོར་གནང་བ།

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོཊ་འཐུས་མིས་བོད་མི་དང་། བོད་ནང་མང་གཙོའི་ལམ་ལུཊ་འབྱུང་ཐབས་སུ་རྒྱབ་སྐྱོར་གནང་རྒྱུ་ཡིན་ལུཊ་གསུངས་འདུག

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་ཉིན་གུང་གསོལ་ཚིགས་ལ་མགྲོན་འབོད་སྐབས། ༢༠༡༤།༦།༤ བོད་མིའི་སྒྲིག་འཛུགས

ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོཊ་འཐུས་མིས་བོད་མི་དང་། བོད་ནང་མང་གཙོའི་ལམ་ལུཊ་འབྱུང་ཐབས་སུ་རྒྱབ་སྐྱོར་གནང་རྒྱུ་ཡིན་ལུཊ་གསུངས་འདུག
དེ་ཡང་སྤྱི་འཐུས་ཚོགས་གཞོན་མཁན་པོ་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་ཀྱིས་དབུ་ཁྲིད་པའི་ཡུ་རོབ་ནང་གཟིགས་སྐོར་གནང་བཞིན་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ལ། ཚེས་༤ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་Pet Bratsky མཆོག་གིས་ཉིན་གུང་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་སྐབས། ཁོང་གིས་ཅེག་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་མཉམ་རུབ་ཀྱི་ཐོག་ནས་བོད་དོན་གླེང་སློང་གནང་རྒྱུ་དང་། གོ་རྟོགས་སྤེལ་རྒྱུ་སོགས་གང་ཐུབ་གནང་གི་ཡོད་ལུགས་གསུངས་འདུག དེ་བཞིན་ཁོང་གིས་ད་ལྟ་བོད་ནང་བོད་མི་ཚོས་རྒྱའི་བཙན་འོག་ཏུ་མྱོང་བཞིན་པ་དེ་ལྟར་མི་ལོ་བཅུ་ཕྲག་མང་པོའི་གོང་ང་ཚོས་དམར་པོའི་བཙན་འོག་ཏུ་མྱང་ཡོད་སྟབས་ང་ཚོས་ཁྱེད་ཚོའི་གནས་སྟངས་གསལ་པོ་ཤེས་ཀྱི་ཡོད་ང་ཚོས་བོད་མི་དང་། བོད་ནང་མང་གཙོའི་ལམ་ལུཊ་འབྱུང་ཐབས་སུ་རྒྱབ་སྐྱོར་གནང་རྒྱུ་ཡིན་ལུཊ་གསུངས་འདུག སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་སྤྱི་འཐུས་ཀྱི་སྐུ་ཚབ་གནང་སྟེ་གསུངས་བཤད་གནང་བའི་ནང་། བོད་ནང་གི་ད་ལྟའི་གནས་སྟངས་གསལ་བཤད་གནང་ཡོད་པ་དང་། དེ་བཞིན་ཁོང་གིས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཡོ་རོབ་ནང་ཕེབས་དགོས་དོན་གཙོ་བོ་ནི་ཡོ་རོབ་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞེས་ཞུ་ཆེད་ཆེད་བཅར་ཞུས་པ་ཞིག་ཡིན་ལུགས་གསུངས་ཐོག་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་འབེལ་ཇི་ཡམ་དང་། པོ་ལེན་ཊི་ནང་གཟིགས་སྐོར་གནང་གྲུབ་པ་དང་། སུས་སི་དང་། Slovakia དེ་བཞིན་Austria ནང་ཕེབས་འཆར་ཡོད་ལུགས་གསུངས་འདུག ཅེག་སྤྱི་མཐུན་རྒྱལ་ཁབ་ནང་རྟེན་གཞི་བྱས་པའི་པོ་ཏ་ལ་ཞེས་པའི་གཞུང་འབྲེལ་མ་ཡིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་་སྲིད་འཛིན་Vaclav Havel མཆོག་གི་དྲན་རྟེན་དཔེ་མཛོན་ཁང་གིས་གོ་བསྒྲིགས་ཐོག་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཁ་ས་དགོང་དྲོ་མང་ཚོགས་ལ་གསུངས་བཤད་ཀྱང་གནང་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org