གཏེར་ཁ་སྔོག་འདོན་ལ་ངོ་རྒོལ།
བོད་ཤར་ཕྱོགས་མཚོ་སྔོན་ཞིང་ཆེན་གྱི་ཁམས་ཡུལ་ཤུལ་དུ་རྒྱ་མིས་གཏེར་ཁ་སྔོག་འདོན་བྱས་པར་ས་གནས་བོད་མིས་ངོ་རྒོལ་གནང་བཞིན་འདུག
-
2013-08-14 -
-
-
༄༅། བོད་ཤར་ཕྱོགས་མཚོ་སྔོན་ཞིང་ཆེན་གྱི་ཁམས་ཡུལ་ཤུལ་དགེ་འབྲོང་རྫ་སྟོད་རྫོང་གི་ཨ་སྟོད་ཡུལ་ཚོ་དང་། སྤྱི་རྫ་ཡུལ་ཚོ། རྫ་ཆེན་ཡུལ་ཚོ་བཅས་ས་གནས་ཁག་གསུམ་ལ་འདི་ཟླའི་ཚེས་༡༣ཉིན་ཡང་བསྐྱར་གཏེར་ཁ་སྔོག་འདོན་བྱེད་མཁན་རྒྱ་མི་མང་པོ་འབྱོར་ཡོད་པར་བརྟེན། ས་གནས་བོད་མི་གསུམ་སྟོང་བདུན་བརྒྱ་ལྷག་གིས་ངོ་རྒོལ་གྱིས་བཀག་འགོག་གནང་བཞིན་འདུག རྒྱ་མི་དེ་ཚོས་རྫ་ཆེན་ཕྱོགས་ཀྱི་རི་བོ་ར་འདྲའི་མགར་བ་མཆེད་བརྒྱད་ཀྱི་ཕྱོགས་དང་། སྤྱི་རྫ་རྫ་དགུའི་གཞུང་ནང་གཏེར་ཁ་སྔོག་འདོན་བྱེད་འགོ་བཙུགས་ཀྱང་། ས་གནས་བོད་མི་ཚོས་ས་ཆེན་གཞུང་ནས་བཀག་འགོག་བྱས་འདུག ད་དུང་རྒྱ་མི་དེ་ཚོས་ཨ་སྟོད་ཕྱོགས་ཀྱི་རི་བོ་སྟོང་དཔོན་རྡོ་རྗེ་རབ་གསལ་དུ་རྒྱལ་སྲས་སྣ་བདུན་ཡོད་པའི་ནང་གི་བློན་པའི་ཕྱོགས་ནས་གཏེར་ཁ་སྔོག་འདོན་བྱེད་འཆར་ཡོད་འདུག རི་བོ་དེ་ཚོར་ས་ཁམས་བརྟག་དཔྱད་བྱེད་མཁན་གྱིས་རིན་ཐང་བྲལ་བའི་ཕ་ལམ་དཀར་པོའི་གཏེར་ཁ་ཡོད་པ་ཤེས་ནས་སྡོག་འདོན་གྱི་ལས་གཞི་དེ་སྤེལ་བ་ཡིན་འདུག
དེང་སྐབས་རྫ་སྟོད་རྫོང་གི་ཁྲོམ་ལམ་ཡོངས་རྫོཌ་རྒྱ་མིའི་དམག་མིས་བསྐོར་ནས་ས་གནས་བོད་མི་མང་ལ་འཇིཌ་སྐུལ་དང་དྲག་གནོན་གྱི་རྣམ་པ་ཤུཌ་ཆེ་བསྟོན་གྱི་ཡོད་འདུག་ ད་ལྟའི་འཆར་རྫ་ཆེན་ལ་མི་མང་༡༠༠༠ལྷག་ཙམ་དང་ཨ་སྟོད་ལ་མི་མང་༡༢༠༠ཙམ་སྤྱི་རྫ་ལ་མི་མང་༡༥༠༠ལྷག་ཙམ་སླེབས་ནས་རྒྱ་མིས་གོང་ཞུས་ས་གནས་ནས་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་དང་བཀག་འགོག་བྱེད་ཀྱི་ཡོད་འདུག ཁམས་དགེ་འབྲོང་རྫ་སྟོད་རྫོང་དུ་གཏེར་ཁ་སྔོག་འདོན་དེ་ནི་ཕྱི་ལོ་༢༠༡༢་ལོའི་ཕྱི་ཟླ་༧་པའི་ནང་རི་བོ་རྫ་ཆེན་ར་འདྲའི་མགར་བ་མཆེད་བརྒྱད་ལ་རྒྱ་མི་གསེར་འདོན་བྱེད་མཁན་མང་པོ་སླེབས་ནས་གསེར་བསྟོན་གྲབས་བྱས་སྐབས་ས་གནས་མི་མང་གིས་བཀག་འགོག་བྱས་པར་གསེར་གཙོས་པའི་གཏེར་ཁ་སྔོག་འདོན་བཀག་འགོག་སོཌ་བྱེད་མཁན་ས་གནས་མི་མང་སུ་ཡིན་རུང་ འཛིན་བཟུང་བྱ་རྒྱུ་ཡིན་ལུཌ་རྒྱ་ནག་གཞུང་གིས་སྔོན་བརྡ་བཏང་བ་དང་ས་གནས་དེར་ཐོག་བརྒྱབ་ནས་རྒྱ་མིའི་འཕྲུལ་ཆས་ལ་སྐྱོན་ཤོར་སྟབས་རྒྱ་མི་དེ་ཚོས་གཏེར་ཁ་སྔོག་འདོན་བྱེད་མ་ཐུབ་པ་སོང་ཙང་། ད་རེས་ཡང་བསྐྱར་ཁུལ་དེར་གཏེར་ཁ་སྔོག་འདོན་བྱེད་དུ་སླེབས་པ་ཞིག་རེད་འདུག།