ལྷོ་ཁེ་ལི་ཕོ་ནི་ཡའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་གི་མདུན་དུ་བོད་མི་ཁག་ཅིག་ནས་ངོ་རྒོལ་གནང་ཡོད་པ།

ཨ་རིའི་ལྷོ་ཁེ་ལི་ཕོ་ནི་ཡའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་གི་མདུན་དུ་བོད་མི་ཁག་ཅིག་གིས་བོད་ནང་སྡུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་འཇོག་བྱེད་དགོས་པའི་ངོ་རྒོལ་གནང་བ།

ཨ་རིའི་ལྷོ་ཁེ་ལི་ཕོ་ནི་ཡའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་གི་མདུན་དུ་བོད་མི་ཁག་ཅིག་གིས་བོད་ནང་སྡུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་འཇོག་བྱེད་དགོས་པའི་ངོ་རྒོལ་གནང་བ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བཀྲིས་དབང་ཕྱུག

༄༅། །ཟླ་འདིའི་ཕྱི་ཚེས་༢༦ཉིན། ཨ་རིའི་ལྷོ་ཁེ་ལི་ཕོ་ནི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་མི་ཁག་ཅིག་གིས་ལོས་ཨེཎ་ཇེ་ལིས་གྲོང་ཁྱེར་དུ་རྟེན་གཞི་བྱེད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མདུན་དུ་བོད་དོན་རྔམ་སྟོན་ངོ་རྒོལ་གནང་སྟེ། བོད་ནང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་འཇོག་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ཉེས་མེད་འོག་དོ་དམ་བཙོན་འཇུག་འོག་དཀའ་ངལ་འཕྲད་བཞིན་པ་རྣམས་གློད་གྲོལ་དགོས་པའི་དགོས་འདུན་བཏོན་འདུག ཞིབ་ཕྲ་འདི་གའི་ས་གནས་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་བཀྲིས་དབང་ཕྱུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org