འཛམ་གླིང་གི་འབྱོར་ལྡན་པ་ཨ་སྒོར་ཐེར་འབུམ་ཡོད་མཁན།

སྔ་ལོར་ཨེ་ཤེ་ཡའི་ནང་ཨ་སྒོར་ཐེར་འབུམ་ཡོད་མཁན་འབྱོར་ལྡན་པ་མང་དག་ཅིག་ཇེ་མང་ལ་སོང་ཡོད་པ་རེད་འདུག

འཛམ་གླིང་གི་འབྱོར་ལྡན་པ་ཨ་སྒོར་ཐེར་འབུམ་ཡོད་མཁན། པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

སྔ་ལོར་ཨེ་ཤེ་ཡའི་ནང་ཨ་སྒོར་ཐེར་འབུམ་ཡོད་མཁན་འབྱོར་ལྡན་པ་མང་དག་ཅིག་བྱུང་ཡོད་པ་རེད་འདུག
དེ་ཡང་རེས་གཟའ་མིག་དམར་ཉིན་ཧུ་རུན་ཞེས་པའི་དཔར་བསྐྲུན་ཁང་དེས་འཛམ་གླིང་ནང་གི་ཨ་སྒོར་ཐེར་འབུམ་ཡོད་མཁན་གྱི་འབྱོར་ལྡན་པའི་གྲངས་ཐོ་ཞིག་བཏོན་ཡོད་པ་དེའི་ནང་། འཛམ་གླིང་ནང་ཁྱོན་བསྡོམས་ཨ་སྒོར་ཐེར་འབུམ་ཡོད་མཁན་གྱི་འབྱོར་ལྡན་པ་མི་གྲངས་གྲངས་༡༨༦༧ ཙམ་ཡོད་ཁོངས་ནས་༨༢༤ ཙམ་ཨེ་ཤེ་ཡའི་ནང་ཡོད་པ་བཀོད་འདུག་ཅིང་། དེ་ནི་ཕྱི་ལོ་༢༠༡༢ དང་བསྡུར་ན་ཨེ་ཤེ་ཡའི་ནང་ཨ་སྒོར་ཐེར་འབུམ་ཡོད་མཁན་མི་གྲངས་༢༡༦མང་དུ་ཕྱིན་པ་འཁོད་འདུག
ཨ་མི་རི་ཀའི་ནང་ཨ་སྒོར་ཐེར་འབུམ་ཡོད་མཁན་འབྱོར་ལྡན་པ་༤༨༡ ཙམ་ཡོད་པ་དང་། ཨང་གཉིས་པ་རྒྱ་ནག་གི་ནང་ཨ་སྒོར་ཐེར་འབུམ་ཡོད་མཁན་༣༥༨ ཙམ་ཡོད་འདུག་ཅིང་། དེ་ཡང་ཨ་རིའི་ནང་གི་འབྱོར་པ་ཆེ་ཤོསMicrosoft ཁེ་གཉེར་ལས་ཁང་འཛུགས་མཁན་Bill Gatesཡིན་འདུག་ཅིང་། ཡང་རྒྱ་ནག་ནང་གི་མི་འབྱོར་པ་ཆེ་ཤོས་དེ་ཁང་པ་དང་ས་ཚོང་རྒྱག་མཁན་ཝང་ཇིཡན་ལིན་ཟེར་བ་ཡིན་པ་བརྗོད་ཡོད་པ་རེད།
ད་དུང་གནས་ཚུལ་ནང་། ཝང་ཇིཡན་ལིན་ནི་ཨ་སྒོར་ཐེར་འབུམ་ཉི་ཤུ་རྩ་ལྔའི་བདག་པོ་ཡིན་པ་དང་། འཛམ་གླིང་ཁྱོན་ཡོངས་ནས་འབྱོར་ལྡན་པ་ཨང་ཉི་ཤུ་རྩ་དྲུག་པ་དེར་གྱུར་ཡོད་པ་དང་། ལོ་གཅིག་གི་གོང་ཝང་གི་འབྱོར་བའི་གནས་རིམ་དེ་འཛམ་གླིང་ནང་གི་ཨང་བདུན་བཅུ་དོན་གཉིས་པ་དེ་ཡིན་འདུག
གནས་ཚུལ་ལྟར་ན། རྒྱ་ནག་ནང་ཨ་སྒོར་ཐེར་འབུམ་ཡོད་མཁན་དགུ་བཅུ་ཙམ་གཞུང་གི་ཆབ་སྲིད་ལས་དོན་ནང་སློབ་སྟོན་པ་སོགས་ཀྱི་གོ་གནས་ཡོད་པ་ཡིན་འདུག་ཅིང་། ཡང་རྒྱ་ནག་ཏུ་ཨ་སྒོར་ཐེར་འབུམ་ཡོད་མཁན་༣༡ཙམ་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་མི་ཡིན་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org