རྒྱ་གར་དཔོན་རིགས་ནས་མཇལ་ཁ།

ཧི་མཱ་ཅལ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གསར་པ་མཆོག་གིས་༸གོང་ས་མཆོག་མཇལ་ཁ་ཞུས་འདུག

ཧི་མཱ་ཅལ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གསར་པ་སྐུ་ཞབས་ Ajay Manik Rao མཆོག་ནས་༧གོང་ས་མཆོག་གི་མཇལ་ཁ་ཞུས་པ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས།

༄༅།    །ཕྱི་ཚེས་ ༦ རེས་གཟའ་ཕུར་བུའི་ཉིན་ཧི་མཱ་ཅལ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གསར་པ་སྐུ་ཞབས་ Ajay Manikrao Khanwilkar མཆོག་དང་།    ཀངྒ་ར་རྫོང་དཔོན།  དེ་བཞིན་ཉེན་རྟོག་སྤྱི་ཁྱབ་བཅས་བཞུགས་སྒར་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་དང་སྟབས་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་ཡོད་པ་རེད།   དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་བཀོད་པར་གཞིགས་ན། ༧གོང་ས་མཆོག་གི་མཇལ་ཁ་གྲུབ་རྗེས་རྒྱ་གར་གྱི་སྐུ་མགྲོན་རྣམས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་གདན་འདྲེན་ཞས་ཏེ།  ཟློས་གར་འཁྲབ་སྟོན་པ་རྣམས་ཀྱིས་རྒྱ་གར་ཐུགས་རྗེ་ཆེ་ཞེས་སོགས་གཞས་སྣ་ཁག་གཅིག་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་བཞག  སྐབས་དེར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་ཁོང་རྣམ་པར་འཚམས་འདྲི་གནང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org