ཀཱ་ཤི་སྒར་གྱི་ཞིང་བའི་ཚོང་ར་ནས་མི་༢༢བསད་འདུག
ཡུ་གུར་བ་མི་བཞིས་ཤར་ཏུར་ཀེ་སི་ཐན་གྱི་Kashgarརྫོང་དུ་ཡོད་པའི་ཞིང་པའི་ཚོང་ར་ལ་རྒོལ་རྡུང་བྱས་བའི་ཁྲོད་མི་༢༢ཤི་འདུག
-
2014-10-21 -
-
-
ཡུ་གུར་བ་མི་བཞིས་ཤར་ཏུར་ཀེ་སི་ཐན་གྱི་Kashgarརྫོང་དུ་ཡོད་པའི་ཞིང་པའི་ཚོང་ར་ལ་རྒོལ་རྡུང་བྱས་འདུག
དེ་ཡང་ཤར་ཏུར་ཀེ་སི་ཐན་ནང་ཡོད་པའི་རྒྱ་རིགས་མཉམ་སྡོད་བྱེད་སའི་ཞིང་པའི་ཚོང་ར་ཞིག་ལ་ཡུ་གུར་མི་རིགས་ཡིན་པའི་སྐྱེས་པ་མི་བཞིས་གྲི་དང་འབར་རྫས་ཁྱེར་ནས་ཉེན་རྟོག་པ་དང་། ཁོ་ཚོ་རང་ཉིད་ཐེ་བའི་མི༢༢རྐྱེན་འདས་བཏང་ཡོད་པའི་སྐོར་རེས་གཟའ་སྤེན་པའི་ཉིན་ཉེན་རྟོག་པས་བརྗོད་ཡོད་པ་རེད། ཡུ་གུར་མི་བཞི་པོ་དེ་དག་ལ་ཉེན་རྟོག་པས་སྐབས་དེར་མེ་མདས་བསད་ཡོད་འདུག ས་གནས་ནས་འདི་ག་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་ལ་བརྗོད་དོན། ཁྱོན་བསྡོམས་མི་གྲངས་༢༢རྐྱེན་འདས་བཏང་ཡོད་པ་དང་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག་ཡོད་པ་གསུངས་འདུག
ཕྱི་ཟླ་བཅུ་པའི་ཚེས་༡༢་ཉིན་གྲི་དང་འབར་རྫས་ཁྱེར་བའི་མི་བཞི་པོ་དེ་དག་གིས་ཞིང་པའི་ཚོང་རའི་བདེ་འཇགས་སྐོར་སྲུང་ལ་རྒོལ་རྡུང་བཏང་བའི་ནང་ཁྱོན་བསྡོམས་མི་༡༨རྐྱེན་འདས་བཏང་ཡོད་པ་དང་། མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་བཏང་དུས་རྒོལ་རྡུང་གཏོང་མཁན་དེ་དག་ལ་ཉེན་རྟོག་པས་མེ་མདའ་རྒྱབ་ནས་བསད་ཡོད་པ་རེད། ས་གནས་དེའི་ཉེན་རྟོག་པས་བརྗོད་དོན། ཞིང་པའི་ཚོང་ར་དེའི་ནང་གི་ཚོང་པ་མང་ཆེ་བ་རྒྱ་མི་ཡིན་པ་དང་། རྒོལ་རྡུང་གཏོང་མཁན་མི་བཞི་པོ་དེ་དག་ལོ་ན་༢༥ནས་༣༠ཟིན་པའི་ན་གཞོན་ཡིན་པ་རེད། མང་ཆེ་བ་རྒྱ་མིའི་ཚོང་པ་ཡིན་པའི་ཚོང་ར་དེར་མི་བསད་པའི་དོན་རྐྱེན་ཐོན་པའི་ཉིན་མ་གཅིག་གི་རྗེས་ལ་ཤར་ཏུར་ཀེ་སི་ཐན་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བ་དེས་ཕྱི་ཟླ་བདུན་པའི་ཚེས་༢༨གི་དོན་རྐྱེན་དེར་ཁྲིམས་ཐག་ཁྱབ་བསྒྲགས་བྱས་པ་དེའི་ནང་མི་༡༢སྲོག་ཐོག་གཏོང་རྒྱུ་དང་། མི༡༥ལ་ཕྱིར་འགྱངས་སྲོག་ཐོག དེ་བཞིན་མི་༩ལ་ཚེ་བཙོན། མི་༢༠ལོ་བཞི་ནས་༢༠བར་གྱི་བཙོན་འཇུག་བཅས་ཀྱི་ཁྱབ་བསྒྲགས་བྱས་ཡོད་པ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།