བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ།

བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་༢༠་པ་དེ་ད་རིང་བཞུཌ་སྒར་རྡ་རམ་ས་ལར་དབུ་འཛུགས་གནང་འདུག

༄༅༎བོད་རྒྱ་འབྲེལ་མོལ་ལས་དོན་ཚོཌ་ཆུང་གི་ཚོཌ་འདུ་ཐེངས་༢༠་པ་དེ་ད་རིང་བཞུཌ་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་གཞུང་གི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ཀྱི་བཀའ་ཤག་ཚོཌ་ཁང་ནང་དབུ་འཛུཌ་གནང་འདུག་  ཕྱི་ཚེས་༢༠་དང་༢༡་ཉིན་གཉིས་རིང་གི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོཌ་ཆུང་གི་འཚོཌ་དུ་དེ་ནི་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེ་གནང་བའི་རྗེས་སུ་ནང་ཁུལ་ཚོཌ་འདུ་འཚོཌ་པ་ཐེངས་གསུམ་པ་ཆཌ་ཡོད་ཅིང་ ཚོཌ་འདུ་དེའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིཌ་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་དང་དམིཌ་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལཌ་དབུས་པའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོཌ་ཆུང་གི་ཚོཌ་མི་ཕལ་ཆེ་བ་ལྷན་བཞུཌ་གནང་ཡོད་ན་ཡང་ བྷེལ་ཇམ་ནང་བཅའ་ཞུཌ་བཙན་བྱོལ་བོད་གཞུང་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲིས་དབང་འདུས་ལཌ་དང་ལྷོ་ཨ་མེ་རི་ཀའི་འབྲེལ་འཐུད་པ་ཚེ་དབང་ཕུན་ཚོཌ་ལཌ་ ཨོས་ཀྲེ་ལི་ཡའི་བོད་གཞུང་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལཌ་བཅས་མཛད་འབྲེལ་གཞན་ལ་བརྟེན་ནས་ད་རེས་ཚོཌ་བཅར་གནང་ཐུབ་མིན་འདུག་ བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོཌ་ཆུང་དེ་ནི་ཕྱི་ལོ་༡༩༩༩་ལོར་གསར་འཛུཌ་གནང་ཡོད་པ་དང་དེ་གསར་འཛུཌ་གནང་དོན་གཙོ་བོ་ནི་༸གོང་ས་མཆོག་གི་དམིཌ་བསལ་སྐུ་ཚབ་རྣམས་ཀྱིས་རྒྱ་ནག་གཞུང་གི་འབྲེལ་ཡོད་དཔོན་རིགས་རྣམས་ལ་བོད་དོན་སྐོར་འབྲེལ་མོལ་ཞུ་རྒྱུར་ཕྱག་རོགས་ཞུ་ཕྱིར་ཡིན་ཞིང་ ཕྱི་ལོ་༢༠༠༩་ལོའི་ཕྱི་ཟླ་༦པའི་ནང་ལས་དོན་ཚོཌ་འདུ་མཇུག་ཤོས་དེ་འཚོཌ་ཡོད་པ་རེད་ བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སུ་བཙན་བྱོལ་བོད་གཞུང་ངོས་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ལྗོངས་ཀྱི་གནས་བབ་ཡོང་བའི་བསམ་ཚུལ་ཡིག་ཆ་རྒྱ་མིའི་འབྲེལ་ཡོད་དཔོན་རིགས་ཚོར་ཕུལ་བའི་རྗེས་སུ་རྒྱ་ནག་གཞུང་ངོས་ནས་བོད་མིས་ཕྱེད་རང་བཙན་དང་རྣམ་པར་འགྱུར་བའི་རང་བཙན་ དེ་བཞིན་ལྐོག་འགྱུར་གྱི་རང་བཙན་རྩོད་ཀྱི་ཡོད་སྐོར་བརྗོད་ཡོད་པ་དང་བོད་མིའི་ངོས་ནས་གོང་ཞུས་བསམ་འཆར་ཡིག་ཆ་དེ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ས་གནས་མི་རིགས་རང་སྐྱོང་ལྗོངས་ཀྱི་ཁྲིམས་ཡིག་གཞིར་བཟུང་བཏོན་པ་ཡིན་ལུཌ་གསུངས་ཀྱང་ རྒྱ་ནག་གཞུང་ངོས་ནས་དེའི་ཐད་ཁྲིམས་ཐོག་དང་རྒྱུ་མཚན་ལྡན་པའི་གསལ་བཤད་གང་ཡང་མ་གནང་བར་བསམ་འཆར་ཡིག་ཆ་དེར་ངོས་ལེན་ཡང་བྱས་མེད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org