ཨ་རིའི་ནང་ཚད་མཐོའི་ཤེས་ཡོན་གྱི་སློབ་གཉེར་གོ་སྐབས།
ཨ་རིའི་གཞུང་ནས་བོད་ཀྱི་ཐེབས་རྩ་ཁང་བརྒྱུད་བོད་པའི་སློབ་ཕྲུག་ཚོར་ཨ་རིའི་ནང་ཚད་མཐོའི་ཤེས་ཡོན་གྱི་གོ་སྐབས་གནང་གི་ཡོད་པ་རེད།
-
2015-01-21 -
-
-
ཨ་རིའི་གཞུང་ནས་བོད་ཀྱི་ཐེབས་རྩ་ཁང་བརྒྱུད་བོད་པའི་སློབ་ཕྲུག་ཚོར་ཨ་རིའི་ནང་ཚད་མཐོའི་ཤེས་ཡོན་གྱི་གོ་སྐབས་གནང་གི་ཡོད་པ་རེད།
དེ་ཡང་ལོ་ལྟར་ཨ་རིའི་གཞུང་ནས་བོད་ཀྱི་ཐེབས་རྩ་ཁང་བརྒྱུད་བོད་པའི་སློབ་ཕྲུག་ཚོར་ཨ་རིའི་ནང་ཚད་མཐོའི་ཤེས་ཡོན་གྱི་གོ་སྐབས་གནང་གི་ཡོད་པ་ལྟར་། ཕྱི་ལོ་༢༠༡༦ལོའི་སློབ་ཡོན་གྱི་གསལ་བསྒྲགས་ནང་། བོད་རིགས་སློབ་ཕྲུག་རྒྱ་གར་དང་བལ་ཡུལ་ནང་གནས་སྡོད་བྱེད་མཁན་སུ་རུང་ནས་ལོ་གཉིས་རིང་མཐོ་རིམ་MAསློབ་གཉེར་བྱེད་རྒྱུའི་ཆེད་སློབ་ཡོན་ཐོག་སྙན་ཞུ་འབུལ་འཐུས་ཆོག་གི་ཡོད་པ་དང་། ཆ་རྐྱེན་ནི། ཕྱི་ལོ་༡༩༨༠ཕྱི་ཟླ་དང་པོ་དང་ཡང་ན་དེའི་རྗེས་སུ་སྐྱེས་པ་ཞིག་དགོས་ཀྱི་ཡོད་པ་དང་། གཞི་རིམ་འཛིན་རིམ་བཅུ་གཉིས་ཐོན་པའི་རྗེས་སུ་མ་མཐར་ལོ་བཞིའི་རིང་མཐོ་རིམ་སློབ་གྲྭའི་ནང་ནས་སློབ་གཉེར་ཐོན་པ་ཞིག་དགོས་ཀྱི་ཡོད་འདུག དེ་དང་ཕྱོགས་མཚུངས་གོང་ཞུས་ལག་འཁྱེར་ཡོད་པ་གང་ཞིག་ལ་མ་མཐར་ཡང་བརྒྱ་ཆ་ལྔ་བཅུ་ལོན་པ་ཞིག་དགོས། འོན་ཀྱང་སློབ་ཕྲུག་གི་ངོས་ནས་ད་ལྟའི་ཆར་M.Philདང་། ཡང་ན་Ph.Dའམ་འབུམ་རམ་པའི་ལག་འཁྱེར་ཡོད་པའི་རིགས་ལ་ཚད་མཐོའི་ཤེས་ཡོན་གྱི་གོ་སྐབས་ཐོབ་ཟིན་ཡོད་སྟབས། ད་རེས་སློབ་ཡོན་འདིའི་གོ་སྐབས་གནང་གི་མེད་པ་རེད།
གོང་ཞུས་གསལ་བསྒྲགས་དེའི་ནང་། ཡིག་རྒྱུགས་གཏོང་བའི་སྐབས། བོད་པའི་རིག་གཞུང་དང་རྒྱལ་རབས་སྐོར་ཡང་བྲིས་རྒྱུགས་དང་། ཆ་རྐྱེན་ཚང་བ་རྣམས་རིམ་པས་ངག་རྒྱུགས་གཏོང་རྒྱུ་ཡིན་པའི་སྐོར་ཡང་གསུངས་ཡོད་པ་རེད། ཡང་སློབ་ཡོན་ཞུ་སྙན་འབུལ་མཁན་ཚོས་རང་ཉིད་ཀྱི་ལོ་རྒྱུས་དང་། སྙན་རྕོམ་ཐུང་ངུ་ཞིག་བྲིས་དགོས་པ་དང་། རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་RCདང་། བོད་མིའི་ངོ་བོ་མཚོན་ཆེད་རང་བཙན་ལག་དེབ་ལྗང་ཁུ་དགོས་ཀྱི་ཡོད་པ་བཅས་ཀྱི་སྐོར་གསལ་པོ་བཀོད་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།