ནོ་བེལ་ཞི་བའི་གཟེངས་རྟགས་བཞེས་མྱོང་བའི་མི་སྣའི་ལྷན་ཚོཌ།

ནོ་བེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བྱུང་བའི་མི་སྣ་རྣམས་ཀྱི་ལྷན་ཚོགས་ཐེངས་༡༢པ་དེ་ཨ་རིའི་གྲོང་ཁྱེར་ཤི་ཀ་ཀོའི་ནང་ཚོགས་རྒྱུ།

༄༅༎རྒྱལ་སྤྱིའི་ནོ་བེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བྱུང་བའི་གྲགས་ཅན་མི་སྣ་རྣམས་ཀྱི་ལྷན་ཚོགས་ཐེངས་༡༢པ་དེ་ཕྱི་ཟླ་བཞི་པའི་ནང་ཨ་རིའི་གྲོང་ཁྱེར་ཤི་ཀ་ཀོའི་ནང་ཚོགས་གཏན་འཁེལ་བཞག། ལྷན་ཚོགས་དེ་ཐོག་ནོ་བེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བྱུང་བའི་གྲགས་ཅན་མི་སྣ་དང་ དེ་བཞིན་རྒྱལ་སྤྱིའི་ནང་སྙན་གྲགས་ཡོད་པའི་མི་སྣ་གཞན་བརྒྱ་ལྷག་མཉམ་ཞུགས་གནང་སྟེ་རྒྱལ་སྤྱིའི་ནང་ཞི་བདེ་བསྐྲུན་ཐབས་སྐོར་གྲོིས་མོལ་གནང་རྒྱུ་ཡིན་འདུག་། གལ་གནད་ཆེ་བའི་རྒྱལ་སྤྱིའི་ལྷན་ཚོགས་དེ་ཨ་མི་རི་ཀའི་ནང་བསྐོང་ཚོགས་གནང་བ་ནི་ ད་ལན་ཐེངས་དང་པོ་དེ་ཆགས་རྒྱུ་ཡིན་པ་རེད། ནོ་བེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བྱུང་བའི་མི་སྣ་རྣམས་ཀྱི་ལྷན་ཚོགས་ཐེངས་༡༢པའི་གཙོ་སྐྱོང་ཞུ་མཁན་དེ་ གྲོང་ཁྱེར་ཤི་ཀ་ཀོའི་གྲོང་ཁྱེར་སྤྱི་ཁྱབ་རཨམ་ཨེ་མེ་ནུ་ཨེལ་མཆོག་གིས་གནང་རྒྱུ་ཡིན་འདུག། 
ཕྱི་ཟླ་༤ཚེས་༢༣་ནས་༢༥་བར་ཉིན་གསུམ་རིང་ཚོགས་རྒྱུའི་ལྷན་ཚོགས་དེ་ཐོག་རང་དབང་དང་ཐོབ་ཐང་ཐོག་བཀའ་མོལ་གནང་དགོས་ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག་། འདས་པའི་ལོ་རྒྱུས་ནང་རྒྱལ་སྤྱིའི་ནོ་ཝེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བྱུང་བའི་གྲགས་ཅན་མི་སྣ་རྣམས་ཀྱི་ལྷན་ཚོགས་ཐོག་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ ར་ཤི་ཡའི་དབུ་ཁྲིད་ཟུར་པ་མི་ཀེལ་གོར་སྦ་ཆེལྦ་ ལྷོ་ཨབ་རི་ཀའི་ཡེ་ཤུའི་ཆོས་དཔོན་ཌེསི་མེན་ཀྲུ་ཀྲུ་དེ་བཞིན་ནོ་ཝེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བྱུང་བའི་ཚོགས་པ་ཁག་གི་ཚོགས་གཙོ་ཁག་ཅིག་དང་ གསར་འགོད་པ་སྙན་གྲགས་ཅན་ཀྲོམ་སྦོརོ་ཀོའོ་སོགས་ལྷན་ཚོགས་ནང་མཉམ་ཞུགས་གནང་མྱོང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org