༢༠༠༨་ལོ་ནི་བོད་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཆེ་བའི་དུས་སྐབས་ཤིག་ཡིན།
བོད་རང་བཙན་སློབ་ཕྲུག་ཚོགས་པས་ཕྱི་ལོ་༢༠༠༨་ལོའི་བོད་ཀྱི་ས་བྱི་ཞི་རྒོལ་ཆེན་མོར་དྲན་གསོའི་ཚོགས་འཛོམས་བྱེད་འཆར་འདུག
-
2018-04-17 -
-
-
བོད་རང་བཙན་སློབ་ཕྲུག་ཚོགས་པས་ཕྱི་ལོ་༢༠༠༨་ལོའི་བོད་ཀྱི་ས་བྱི་ཞི་རྒོལ་ཆེན་མོར་དྲན་གསོའི་ཚོགས་འཛོམས་བྱེད་འཆར་འདུག
དེ་ཡང་ཕྱི་ལོ་༢༠༠༨ལོར་བོད་ཕྱི་ནང་གཉིས་སུ་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་རྒོལ་བྱུང་བ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཆེ་བའི་དུས་སྐབས་ཤིག་ཆགས་ཡོད་ལུགས་བོད་རང་བཙན་སློབ་ཕྲུག་ཚོགས་པས་གསལ་བསྒྲགས་སྤེལ་བ་དེའི་ནང་འཁོད་འདུག གསལ་བསྒྲགས་དེའི་ནང་། ཨ་རིའི་སན་ཧྥརན་སིསྀ་ཀོའི་མངའ་ཁུལ་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པས་མངའ་ཁུལ་དེའི་ནང་ཉིས་སྟོང་བརྒྱད་ལོར་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གཞུང་གིས་བོད་ནང་བཙན་དབང་གི་སྲིད་བྱུས་ལ་ངོ་རྒོལ་དང་དམིགས་བསལ་རྒྱ་ནག་ལ་རྒྱལ་སྤྱིའི་ཨོ་ལིམ་པིཀསྀ་རྩེད་འགྲན་གྱི་མགྲོན་བདག་ཐོབ་ཐང་སྤྲོད་རྒྱུར་འཛམ་གླིང་ཁྱོན་ཡོངས་སུ་ཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བ་སོགས་ངོ་སྤྲོད་བྱས་པ་སྦྲགས། ༢༠༠༨ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་པོའི་དབང་བསྒྱུར་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པར་དྲན་གསོའི་ཚོགས་འཛོམས་ཤིག་ཕྱི་ཟླ་བཞི་པའི་ཚེས་༢༤ཉིན་བྱེད་འཆར་ཡོད་པ་བཀོད་འདུག ཚོགས་འཛོམས་དེའི་སྐབས། བོད་ཀྱི་གནས་སྟངས་སྤྱི་དང་ལྷག་པར་དུ་སློབ་ཕྲུག་ཚོགས་པའི་གནས་སྟངས་སོགས་ལ་ཕྱིར་མིག་དང་མ་འོངས་ཀྱི་ལས་དོན་སྤེལ་ཕྱོགས་སོགས་གླེང་སློང་བྱ་རྒྱུ་ཡིན་འདུག་ཅིང་།
ཚོགས་འཛོམས་དེར་དམིགས་བསལ་སྐུ་མགྲོན་དུ། ཉེ་དུས་ཨ་རིའི་ནང་ཕེབས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་། ཡང་༢༠༠༨ལོར་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ལས་འགུལ་གྱི་འགོ་ཁྲིད་གཙོ་བོ་གནང་མཁན་(Laurel Sutherling)སོགས་མཉམ་བཞུགས་གནང་རྒྱུ་ཡིན་འདུག
གསར་འགོད་པ་འཆི་མེད།