བཙུན་མ་ཞིག་གིས་རང་ལུས་བསྲེཌ་པ།
ཁམས་རྟའུ་རྫོང་ཐོག་ཉ་མཚོ་དགོན་པའི་ཉེ་འདབས་སུ་བཙུན་མ་ཞིག་གིས་རང་ལུས་བསྲེགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་སྤེལ་བ།
-
2013-06-11 -
-
-
༄༅༎ཕྱི་ཟླ་༦ཚེས་ ༡༡ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༥ པའི་ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁོངས་གཏོགས། ཁམས་རྟའུ་རྫོང་ཐོག་ཏུ་བཙུན་མ་ཞིག་གིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཞིག་བྱུང་འདུག དེ་ཡང་རྒྱ་གར་ལྷོ་ཕྱོགས་མོན་འདོད་དགུ་གླིང་དུ་རྟེན་གཞི་བྱས་པའི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཏྲི་ཧོར་ཁང་ཚན་དུ་ཡོད་པ་དང་། ཕ་ཡུལ་རྟའུ་ཉ་མཚོ་ནས་ཡིན་པའི་དགེ་འདུན་པ་ཡ་མ་ཚེ་རིང་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༥ པའི་ཐོག་ཁམས་རྟའུ་རྫོང་དུ་བཙུན་མ་ཞིག་གིས་གློ་བུར་དུ་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཞིག་བྱུང་འདུག་ཅེས་བརྗོད་སོང་། ཡ་མས་མུ་མཐུད་དུ་གསུང་པ་ལྟར་ན། བཙུན་མ་དེས་རང་ལུས་མེར་སྲེག་ག་འདྲ་བྱས་ནས་བཏང་ཡོད་མེད་སྐོར་གནས་ཚུལ་ཤེས་རྟོགས་དཀའ་ནའང་། མེར་སྲེག་གཏོང་ས་ནི་ཉ་མཚོ་དགོན་པའི་ཉེ་འདབ་ཞིག་ཏུ་སྔོན་མ་རྒྱ་མིའི་དཔེ་མཛོད་ཁང་ཞིག་དང་རྒྱ་མིའི་དཔོན་པོ་སྡོད་ས་བོའུ་ཏྲང་པུ་ཟེར་ས་ཞིག་ཡོད་པ་དེའི་གཡས་གཡོན་ཞིག་ཡིན་འདུགགནས་ཚུལ་བྱུང་མ་ཐག་ཏུ་ཁམས་དར་རྩེ་མདོའི་སྨན་ཁང་ཞིག་ཏུ་དུ་ཁྱེར་ཡོད་པ་རེད་འདུགའོན་ཀྱང་། ད་དུང་སྨན་ཁང་དུ་འཁྱེར་མཁན་ཡང་རྫོང་ཉེན་རྟོག་པ་དང་སྐོར་སྲུང་བ་ཡིན་མིན་ཡང་ཤེས་རྟོགས་བྱུང་མེད་པ་རེད།བཙུན་མ་དེའི་མིང་དང་ལོ། སྡོད་གནས།རང་ལུས་མེ་སྲེག་གཏོང་སྐབས་སྐད་འབོད་ག་རེ་གནང་ཡོད་མེད་སོགས་ཁ་གསལ་ཤེས་རྟོགས་བྱུང་མེད་པ་རེད།གང་ལྟར་བཙུན་མ་ཞིག་གིས་རང་ལུས་མེར་སྲེག་བཏང་བ་དངོས་ཡོད་གནས་ཚུལ་ཡིན་པ་དང་། ད་ལྟ་རྟའུ་རྫོང་ས་གནས་སུ་བརྡ་འཕྲིན་སྤྱིར་བཏང་བ་ཚང་མ་བཀག་ཟིན་འདུག་པ་དང་། དགོན་པ་དང་གྲོང་པ་ཕན་ཚུན་བར་མི་མང་དང་དགེ་འདུན་པ་འགྲོ་བསྐྱོད་བྱེད་རྒྱུར་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་འདུག ཡིན་ནའང་།མདོ་ཁམས་འཇང་དགུན་ཆོས་ཆེན་མོ་མུ་མཐུད་དུ་འཚོག་བཞིན་ཡོད་པ་དང་།དེ་རིང་ཞོགས་པ་མདོ་ཁམས་རིས་མེད་འཇང་ཆོས་ཆེན་མོ་ཉིན་གཉིས་པའི་ཐོག་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་ཆེན་ཚུལ་ཁྲིམས་བློས་མཆོག་དང་། ཁང་གསར་སྐྱབས་མགོན་ཐུབ་བསྟན་དགེ་ལེགས་རྣམ་རྒྱལ་མཆོགཉ་མཚོ་དགོན་པའི་ཁྲི་བ་རྒན་བློ་བཟང་རྒྱ་མཚོ་བཅས་ཀྱིས་འཇང་དགུན་ཆོས་སུ་ཞུགས་པའི་དགེ་འདུན་ཡོངས་དང་།གཞན་ཡང་དད་ལྡན་མི་མང་མང་ཚོགས་ལ་བཀའ་སློབ་བགྲོ་གླེང་ཡང་གནང་ཡོད་པ་རེད་འདུག་ལ།དགུང་མོ་བོད་ནང་གི་ཆུ་ཚོད་བདུན་པ་ནས་དགུན་ཆོས་ཀྱི་དམ་བཅའ་འཚོག་བཞིན་པ་རེད་ཅེས་རྗོད་སོང་།།