རྒྱ་ནག་གཞུང་ལ་ལྟ་ཚུལ།

ཨོ་ལིམ་པིཀ་རྩེད་འགྲན་མཇུག་བསྒྲིལ་བའི་རྗེས་ཡོ་རོབ་ཁུལ་གྱི་མི་མང་ནས་རྒྱ་ནག་གཞུང་ལ་ལྟ་ཕྱོགས་ལ་འགྱུར་བ་ཕྱིན་ཡོད་པ།

༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཡེ་ཤེས་བཀྲ་ཤིས།

༄༅༎འདི་ལོ་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ནང་འཛམ་གླིང་ཨོ་ལིམ་པིཀ་ལུས་རྩལ་འགྲན་ཚོགས་དེ་མཇུག་བསྒྲིལ་ཟིན་པའི་རྗེས་སུ་ཡོ་རོབ་ཁུལ་གྱི་མི་མང་ནས་རྒྱ་ནག་གཞུང་ལ་འཛིན་པའི་ལྟ་ཕྱོགས་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པའི་སྐོར་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་ནས་འགྲེལ་བརྗོད་གནང་བ་ཞིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སུད་སི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་བཏང་འབྱོར་བྱུང་བ་ཞིག་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org