ཨ་རི་སྲིད་འཛིན་གྱིས་བོད་དོན་སྐོར་གླེང་སློང་གནང་རྒྱུ།
ཨ་རིའི་སྲིད་འཛིན་ཟླ་བ་རྗེས་མ་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིཊ་སུ་ཕེབས་སྐབས་རྒྱ་ནག་སྲིད་འཛིན་དང་ལྷན་དུ་བོད་དོན་སྐོར་གླེང་སློང་གནང་རྒྱུ།
-
2009-10-23 -
-
-
ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གི་སྐུ་པར།
ཨེ་ཨེཕ་པི།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་སྐབས།རྒྱ་ནག་གི་སྲིད་འཛིན་ཧོའུ་ཅིན་ཐའོ་དང་ལྷན་དུ་བོད་དོན་སྐོར་གླེང་སློང་གནང་འཆར་ཡོད་པ་དང།སྲིད་འཛིན་ཨོ་སྦ་མ་ཡིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་རིང་མིན་ཕྱི་ཟླ་བཅུ་གཉིས་པའི་འགོ་སྟོད་དུ་སྲིད་འཛིན་གྱི་ལས་ཁུངས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་རྒྱུའི་མགྲོན་བརྡ་ཕུལ་ཡོད་པའི་སྐོར།སྲིད་འཛིན་གྱི་སློབ་སྟོན་པ་ལྕམ་སྐུ་ལྦེ་ལེ་རི་ཇེ་རེཏ་ཡིས་འགྲེལ་བརྗོད་གནང་ཡོད་པ་ཞིག་ཀུན་བཟང་རིག་འཛིན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པ་ཞིག་ལ་གསན་རོགས༎