ཟས་བཅད་ངོ་རྒོལ་མཚམས་འཇོག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྔ་བ་ཀིརྟིའི་ཆེད་ཀྱི་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་པའི་གནས་ཚུལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྔ་བ་ཀིརྟིའི་ཆེད་ཀྱི་ཟས་བཅད་ངོ་རྒོལ་མཚམས་འཇོག་བྱས་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསོད་ནམས་དབང་འདུས།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ཟླ་༥ཚེས་༡༩རེས་གཟའ་ཕུར་བུའི་ཉིན་བོད་མདོ་སྨད་རྔ་བ་ཀིརྟིའི་ཁུལ་དུ་རྒྱ་ནག་གཞུང་གིས་དྲག་གནོན་མུ་མཐུད་བྱེད་བཞིན་པ་དེ་ཕྲལ་དུ་མཚམས་འཇོག་དགོས་པའི་ཆེད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་གསུམ་ནས་དུས་བཀག་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཏེ་ཉིན་གྲངས་ཉི་ཤུ་རྩ་ལྔའི་རྗེས་ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱི་སྐུ་ཚབ་ཁག་ཅིག་ནས་འཚམས་འདྲི་ཞུས་པ་དང་ཟས་བཅད་ངོ་རྒོལ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུས་རྗེས་དེ་རིང་བཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་མཚམས་འཇོག་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་བཟང་གཡུལ་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org