ལོ་ནག་སྲུང་བརྩིའི་ལས་འགུལ།
གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་གཞོན་ནུ་ལྷན་ཚོགས་ནས་ལོ་གསར་མི་གཏོང་བར་འཐབ་རྩོད་ཀྱི་སྒོ་ནས་ལོ་ནག་སྲུང་བརྩི་ཞུ་འཆར།
-
2009-01-30 -
-
-
གསར་འགོད་གསལ་བསྒྲགས་ཤིག་གི་ཐོག་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ནས་གསར་འགོད་པར་ལེན་འདེབས་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་དང་པོའི་ཚེས་ཉེར་དགུ་རེས་གཟའ་ཕུར་བུའི་ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ནས་གསར་འགོད་གསལ་བསྒྲགས་ཤིག་གནང་བའི་ཐོག་རབ་གནས་ས་གླང་ལོའི་ལོ་གསར་མི་གཏོང་བར་འཐབ་རྩོད་ཀྱི་སྒོ་ནས་ལོ་ནག་སྲུང་བརྩི་ཞུ་རྒྱུ་ཡིན་པའི་སྐོར་སྤྱི་བསྒྲགས་སྤེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎