༡༩༨༧ལོའི་བོད་མིའི་སྒེར་ལངས་ཀྱི་དཔའ་བོར་རྗེས་དྲན།
བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་ཞེན་སྙིང་སྟོབས་ལྡན་པའི་བོད་མིའི་ཞི་རྒོལ་སྤེལ་མཁན་ཚོར་རྗེས་དྲན་ཞུས་པའི་གནས་ཚུལ།
-
2011-09-29 -
-
-
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་༩ཚེས་༢༧རེས་གཟའ་མིག་དམར་གྱི་ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་དང་བེ་ལ་ཀུ་པི་བོད་མིའི་གཞིས་། ཧུན་སུར་རབ་རྒྱས་གླིང་། བཅས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་གསུམ་གྱི་བོད་མི་སེར་སྐྱ་མི་མང་རྣམས་ནས་༡༩༨༧ལོའི་ཕྱི་ཟླ་༩ཚེས་༢༧ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་ཞེན་སྙིང་སྟོབས་ལྡན་པའི་བོད་མིའི་ཞི་བའི་སྒེར་ལངས་སྐབས་ལས་འགུལ་སྤེལ་མཁན་ཚོར་རྗེས་དྲན་ཞུ་བའི་ལོ་འཁོར་དུས་དྲན་ཐེངས་༢༤པ་དེ་སྲུང་བརྩི་དང༌ཆབས་ཅིག་བོད་མདོ་སྨང་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་དང་བློ་བཟང་དཀོན་མཆོག་ལགས་གཉིས་ཀྱི་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་བ་དེར་གདུང་སེམས་མཉམ་སྐྱེད་དང་།དེ་བཞིན་ཉེ་ཆར་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་ས་ཡོམས་ཀྱི་འཇིགས་པ་བྱུང་སྐབས་འདས་གྲོངས་ཕྱིན་པའི་མི་མང་རྣམས་ཀྱི་ཆེད་མར་མེའི་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་འདུག།།