ཨ་རིའི་གྲོས་ཚོགས་ལ་འབོད་སྐུལ།

ཉིའུ་ཡོག་ས་གནས་བོད་མི་ཚོས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་ཞལ་པར་བརྒྱུད་འབོད་སྐུལ་ཞུས་ཡོད་པ།

ཟླ་འདིའི་ཕྱི་ཚེས་༡༢ཉིན་ཨ་རིའི་རྒྱལ་སར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་ཡོད་པ། བསྟན་འཛིན་རྡོ་རྗེ་ཡི་ངོ་དེབ།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ལོ་ ༢༠༡༢ ཟླ  ༡༢ ཚེས་ ༡༩ ཉིན།  ཨ་རིའི་གྲོང་ཁྱེར་ཉིའུ་ཡོག་ཏུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ས་གནས་བོད་མི་ཚོས་བོད་རིགས་སྤྱི་ཁང་དང་དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་ཁུངས་སུ་འཛོམས་ནས། ཨ་རིའི་གྲོས་ཚོགས་འོག་མིའི་འཐུས་མི་ཕེརེངྐ་ལྦོལཕ་དང་ཇེམ་མེཀ་ག་ལྦན་མཆོག་རྣམ་གཉིས་ཀྱིས་བོད་ཀྱི་དཀའ་ངལ་སེལ་ཆེད་དུ། ཨ་རིའི་སྲིད་འཛིན་མཆོག་ལ་འབུལ་འཆར་ཡོད་པའི་ཞུ་ཡིག་དེའི་སྟེང་གྲོས་ཚོགས་འཐུས་མི་གཞན་རྣམས་ནས་ཀྱང་རྒྱབ་སྐྱོར་ཡོང་ཐབས་སུ། གྲོས་ཚོགས་འཐུས་མི་ཁག་གི་ལས་ཁུངས་སུ་ཞལ་པར་བརྒྱུད་འབོད་སྐུལ་ཞུས་ཡོད་པའི་སྐོར། འདི་གའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། འདི་གའི་གསར་འགོད་པ་བསྟན་འཛིན་བདེ་སྐྱིད་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org