ཞི་རྒོལ་སྤེལ་ནས་ཟླ་བ་གསུམ་འཁོར།

བཙན་བྱོལ་ནང་བོད་མི་ཚོས་རྗེས་དྲན་ཞུ་ཆེད་མར་མེའི་ཁྲོམ་སྐོར་དང་བསྔོ་སྨོན་གསོལ་འདེབས་ཞུས་པ།

བོད་ཨ་མདོ་ཁུལ་དུ་དགེ་འདུན་པ་ཁག་ཅིག་ནས་བོད་ཀྱི་རྒྱལ་དར་འཕྱར་བཞིན་པ། ཨེ་ཨེཕ་པི།

སྒྲ་ལྡན་གསར་འགྱུར།

༄༅༎ཕྱི་ཟླ་དྲུག་པའི་ཚེས་བཅུའི་ཉིན་བོད་ས་ཡོངས་སུ་རྫོགས་པའི་ནང་བོད་མིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྤེལ་སྐབས་རྒྱ་ནག་གཞུང་གིས་སྡུག་སྦྱོར་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་ཡོད་པ་དང༌བོད་མི་ཉིས་བརྒྱ་ལྷག་དམར་གསོད་བཏང་ནས་ཟླ་བ་གསུམ་འཁོར་བའི་ཉིན་མོར་བཞུགས་སྒར་རྡ་རམ་ས་ལ་གཙོས་སུད་སི་སོགས་སུ་བཙན་བྱོལ་བོད་མི་རྣམས་ནས་མར་མེའི་ཁྲོམ་སྐོར་དང་བསྔོ་སྨོན་གསོལ་འདེབས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org