ཟི་ཁྲོན་སྤྱི་ཁྱབ་ལ་ངོ་རྒོལ།
རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་སྤྱི་ཁྱབ་ཇེན་ཇུ་ཕང་རྒྱ་གར་དུ་འབྱོར་སྐབས་བོད་མིས་ངོ་རྒོལ་བྱས་པ།
-
2011-04-28 -
-
-
རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་སྤྱི་ཁྱབ་ཇེན་ཇུ་ཕང་རྒྱ་གར་དུ་འབྱོར་སྐབས་བོད་མིས་ངོ་རྒོལ་བྱས་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསོད་ནམས་དབང་འདུས།
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་༤ཚེས་༢༦རེས་གཟའ་མིག་དམར་གྱི་ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་སྤྱི་ཁྱབ་ཇེན་ཇུ་ཕང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚམས་འདྲིར་འབྱོར་སྐབས་ས་གནས་བོད་མི་དང་རྒྱ་གར་ཡུལ་མི་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྐལ་བཟང་གཡུལ་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎