ཡུ་གུར་མི་རིགས་ལ་རྒྱབ་སྐྱོར།
བཞུགས་སྒར་རྡ་རམ་ས་ལར་བོད་མིས་ཤར་ཏུརྐིསྟན་ཡུ་གུར་མི་རིགས་ལ་གདུང་སེམས་མཉམ་སྐྱེད་ཆེད་ཀྱི་མར་མེའི་ཁྲོམ་སྐོར་གནང༌།
-
2009-07-10 -
-
-
བོད་མིས་ཤར་ཏུརྐིསྟན་ཡུ་གུར་མི་རིགས་ལ་གདུང་སེམས་མཉམ་སྐྱེད་ཆེད་ཀྱི་མར་མེའི་ཁྲོམ་སྐོར་གནང༌བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་བདུན་པའི་ཚེས་བཅུ་རེས་གཟའ་པ་སངས་ཀྱི་ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་གནང་བའི་གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་ཚོགས་པ་ལྔས་ཉེ་ཆར་ཤར་ཏུརྐིསྟན་ནང་ཡུ་གུར་དང་རྒྱ་ཧན་མི་རིགས་དབར་འཁྲུག་རྩོད་འོག་མི་མང་བརྒྱ་ཕྲག་མང་པོའི་ཚེ་སྲོག་ཤོར་བ་རྣམས་ལ་གསོལ་སྨོན་དང་ཡུ་གུར་མི་རིགས་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མར་མེའི་ཁྲོམ་སྐོར་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎