བོད་ཀྱི་རྒྱལ་དར་སྒྲེང་བ།
གསེར་རྟ་རྫོང་ཁ་སྐོར་ཤང་གི་རྒྱ་ནག་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་བོད་ཀྱི་རྒྱལ་དར་སྒྲེང་བཙུཊ་བྱས་ཡོད་པ།
-
2011-10-15 -
-
-
ཁམས་གསེར་རྟ་བླ་རུང་ནང་བསྟན་སློབ་གླིང་དགོན།
པར་ཁུངས་ཀླུ་འབུམ་བཀྲ་ཤིས།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་་ ༢༠༡༡་ ཟླ་ ༡༠་ ཚེས་ ༡༣་ ཉིན། བོད་མདོ་སྨད་མགོ་ལོག་གསེར་རྟ་རྫོང་གི་ཁ་སྐོར་ཤང་ས་གནས་རྒྱ་ནག་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་བོད་ཀྱི་རྒྱལ་དར་སྒྲེང་བཙུགས་ཀྱིས་བོད་དོན་དང་འབྲེལ་བའི་སྦྱར་ཡིག་སྦྱར་བ་མ་ཟད། ད་དུང་ས་གནས་ཤང་སྲིད་གཞུང་གི་སྒོ་འགྲམ་དུའང་བོད་དོན་དང་འབྲེལ་བའི་སྦྱར་ཡིག་སྦྱར་ཡོད་པའི་སྐོར། ཕ་ཡུལ་མདོ་སྨད་གསེར་རྟ་ནས་ཡིན་པའི་བོད་མི་དམངས་སྤྱི་འཐུས་ཟུར་པ་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས། འདི་གའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎