པེ་ཅིང་དུ་འཛིན་བཟུང༌བྱས་ཡོད་པ།

རྒྱ་གཞུང་གིས་ཨ་མདོ་རྔ་པ་ཀརྟི་དགོན་པའི་གྲྭ་བློ་བཟང་ཚེ་དཔག་ཞུ་བ་པེ་ཅིང་དུ་འཛིན་བཟུང་བྱས་ཡོད་པ།

ཉེ་ཆར་པེ་ཅིང་དུ་འཛིན་བཟུང་བྱས་པའི་ཀརྟི་དགོན་པའི་གྲྭ་བློ་བཟང་ཚེ་དཔག་ལགས། བོད་ནས་བཏང་བའི་འདྲ་པར།
གསར་འགྱུར་ལ་གསན་རོགས།

༄༅༎ཉེ་ཆར་མདོ་སྨད་རྔ་པ་ཁུལ་གྱི་ཀརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས། རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ནས་ཚེ་སྲོག་ཤོར་བའི་རྗེས། རྒྱ་ནག་གཞུང་གིས་ཀརྟི་དགོན་པ་དང༌། ས་གནས་དེའི་ནང་དམ་བསྒྲགས་ཤུགས་ཆེ་རུ་བཏང་བ་མ་ཟད། དགེ་འདུན་པ་ཕུན་ཚོགས་ལགས་དང་འབྲེལ་བའི་ནང་མི་སྤུན་མཆེད་སོགས་འཛིན་བཟུང་བྱས་ཡོད་པ་མ་དང༌། ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་ལྔའི་ཉིན། པེ་ཅིང་མི་རིགས་སློབ་གྲྭའི་ནང་རྒྱ་ཡིག་སློབ་སྦྱོང་གནང་བར་ཕེབས་པའི་ཀརྟི་དགོན་པའི་གྲྭ་བ་ཞིག་འཛིན་བཟུང་བྱས་ཡོད་པའི་སྐོར། གནས་ཚུལ་རྒྱུས་ཡོད་མི་སྣ་ཞིག་གིས་འཆི་མེད་ལགས་སུ་ཁུངས་ལྡན་གྱི་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org