གོམ་བགྲོད་པ་ནམ་འཆི་ཞེས་པའི་ས་གནས་སུ་འབྱོར།

བལ་ཡུལ་ནས་བོད་བར་ཞི་བའི་གོམ་བགྲོད་པ་བཅུ་བལ་བོད་ས་མཚམས་སུ་འབྱོར་ཡོད་པའི་གནས་ཚུལ།

ནམ་འཆི་གྲོང་ཁྱེར་གྱི་འདྲ་པར། ཐུབ་བསྟན་སངས་རྒྱས།

སྒྲ་ལྡན་གསར་འགྱུར།

༄༅༎ཉེ་ཆར་བལ་ཡུལ་ནང་གནས་འཁོད་བོད་མི་ཁག་ཅིག་ནས་བལ་ཡུལ་ནས་བོད་བར་ཞི་བའི་གོམ་བགྲོད་ཀྱི་ལས་ཁ་ཤས་སྤེལ་ཡོད་པའི་ཁྲོད་ནས་ལས་འགུལ་བ་ཁ་ཤས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་བོད་མི་གོམ་བགྲོད་པ་བཅུ་ད་ལྟ་བལ་བོད་ས་མཚམས་སོ་ལོ་ཁུམ་བུ་ཁུལ་གྱི་ནམ་འཆི་གྲོང་ཁྱེར་དུ་འབྱོར་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་འབྲེལ་ཡོད་ལས་འགུལ་བ་དང་མི་སྣ་ཁག་ཅིག་ལ་གནས་འདྲི་ཞུས་ཏེ་ཕྱོགས་སྒྲིག་ཞུས་པ་ཞིག་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org