བལ་ཡུལ་གོམ་བགྲོད་པབཀག་ཉར།

བལ་ཡུལ་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་པ་རྣམས་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ།

བལ་ཡུལ་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་པ་རྣམས་བལ་ཡུལ་ཉེན་རྟོག་པས་བཀག་ཉར་བྱེད་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཐུབ་བསྟན་སངས་རྒྱས།

གསར་འགྱུར་གསན།

༄༅༎འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་ཤུགས་ཆེ་བྱེད་བཞིན་པར་ངོ་རྒོལ་མཚོན་པའི་ཆེད་དུ་བལ་ཡུལ་ནང་གི་བོད་མི་ཁག་ཅིག་ནས་བོད་བར་གྱི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་གོམ་བགྲོད་པ་རྣམས་བལ་བོད་ས་མཚམས་སུ་མ་སླེབས་ཙམ་གོང་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བལ་ཡུལ་གྱི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལགས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org