རང་བཙན་ར་སྤྲོད།
བོད་རང་བཙན་སློབ་ཕྲུག་ཚོགས་པས་ནིའུ་ཡོཀ་ནང་བོད་ཀྱི་གནད་དོན་ཐོག་གཏམ་བཤད་འདུ་འཛོམས་གནང་།
-
2011-08-21 -
-
-
བོད་རང་བཙན་སློབ་ཕྲུག་ཚོགས་པས་ནིའུ་ཡོཀ་ནང་བོད་ཀྱི་གནད་དོན་ཐོག་གཏམ་བཤད་འདུ་འཛོམས་གནང་བ།
བོད་རང་བཙན་སློབ་ཚོཌ། བསྟན་རྡོ།
Your browser doesn’t support HTML5 audio
༄༅༎ཕྱི་ཟླ་༨ཚེས་༢༠རེས་གཟའ་སྤེན་པའི་ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་བོད་རང་བཙན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཀྱི་འདུ་འཛོམས་ཤིག་གནང་ཡོད་པ་དང༌།ཐེངས་འདིའི་འདུ་འཛོམས་ཐོག་བོད་རིགས་རྩོམ་པ་པོ་དང་བོད་རང་བཙན་དོན་གཉེར་བ་འཇམ་དབྱངས་ནོར་བུ་ལགས་ཀྱིས་རྒྱལ་རབས་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་གྱི་ངོ་སྤྲོད་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བདེ་སྐྱེད་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎