སྐད་རིག་ཀྱི་ཟབ་སྦྱོང༌།

རྒྱ་གར་ལྷོ་ཕྱོགས་སུ་ལེགས་སྦྱར་དང་བོད་ཀྱི་སྐད་ཡིག་ཀྱི་འབྲེལ་བའི་སྐོར་དམིགས་བསལ་གསུང་བཤད་གནང་།

མཁས་དབང་བློ་བཟང་ནོར་བུ་ཤཱསྟྲི་ལགས་འདི་ག་ཝ་ཤིང་ཀྲོན་དུ་ཕེབས་སྐབས་ང་ཚོའི་སྒྲ་འཇུག་ཁང་དུ་གླེང་མོལ་གནང་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཡེ་ཤེས་བཀྲ་ཤིས།

གསར་འགྱུར་ལ་གསན།

༄༅༎ཕྱི་ཟླ་དྲུག་པའི་ཚེས་བཅུ་བདུན་རེས་གཟའ་ལྷག་པའི་ཉིན་རྒྱ་གར་ལྷོ་ཕྱོགས་གཉའ་ཁྲི་ཆོས་རིག་ཞབས་ཞུའི་རིས་མེད་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་སེར་བྱེས་འབྲིང་རིམ་སློབ་གྲྭའི་ཚོགས་ཁང་ནང་སེ་རའི་དགེ་འདུན་པ་བརྒྱ་ཕྲག་ཁ་ཤས་ཤིག་ལ་ཝ་ཎ་བོད་ཀྱི་ཆེས་མཐོའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སྒྲ་བསྒྱུ་ཚན་པའི་འགན་འཛིན་མཁས་དབང་བློ་བཟང་ནོར་བུ་ཤཱསྟྲི་ལགས་ནས་བོད་ཀྱི་སྐད་ཡིག་དང་ལེགས་སྦྱར་གྱི་སྐད་ཡིག་ཟབ་རྒྱས་སྐོར་དང་འབྲེལ་བའི་སྐོར་དམིགས་བསལ་གསུང་བཤད་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org