སུད་སི་ནང་ལོ་གསར་སྐབས་ལྷ་གསོལ་གནང་བ།

སུད་སི་མངའ་ཁུལ་བོད་མི་ཚོས་འདི་ལོའི་ལོ་གསར་སྐབས་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ལ་ལྷ་གསོལ་གནང་བའི་གནས་ཚུལ།

སུད་སི་མངའ་ཁུལ་བོད་མི་ཚོས་འདི་ལོའི་ལོ་གསར་སྐབས་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ལ་ལྷ་གསོལ་གནང་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། རབ་སྒང་ཚེ་རིང་ཕུན་ཚོགས།

༄༅༎ཕྱི་ཟླ་གཉིས་པ་ཚེས་བཅུ་དྲུག་ཉིན་སུད་སི་མངའ་ཁུལ་བོད་མི་རྣམས་ནས་བོད་རིགས་གནས་འཁོད་གཞན་ལྟར་འདི་ལོའི་ལོ་གསར་སྐབས་སྤྲོ་སྐྱིད་གཞས་འཁྲབ་སྟོན་སོགས་མེད་པར་ཆོས་ཕྱོགས་ཀྱི་མཛད་སྒོ་གནང་བ་དང༌།བོད་པའི་སློབ་ཕྲུག་རྣམས་ལ་བོད་ཡིག་ཡིག་ཚད་སོགས་བཏང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སུད་སིའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org