བཞུཌ་སྒར་དུ་མར་མེ་ཁྲོམ་སྐོར།

བཞུགས་སྒར་དུ་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་བོད་མི་ཚོས་མར་མེ་ཁྲོམ་སྐོར་གནང་བ།

བཞུགས་སྒར་དུ་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།
གསར་འགྱུར་ལ་གསན་རོགས།

༄༅༎བོད་ཀྱི་རྒྱལ་ས་ལྷའི་ཉེ་འགྲམ་དུ་ཡོད་པའི་འདམ་གཞུང་རྫོང་ནང་། ཉེ་ཆར་བོད་རིགས་ན་གཞོན་ཚེ་དབང་རྡོ་རྗེ་ཞུ་བས་ཁྲོམ་གཞུང་དུ་རང་ལུས་མེ་སྲེག་བཏང་སྟེ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གནང་བའི་གནས་ཚུལ་བཙན་བྱོལ་སྤྱི་ཚོགས་ནང་འབྱོར་མ་ཐག ཕྱི་ཚེས་ ༡༠ ཉིན། བཞུགས་སྒར་དུ་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org