གདུང་སེམས་མཉམ་བསྐྱེད།
བཞུགས་སྒར་དུ་བོད་མི་ཚོས་རང་ལུས་མེ་སྲེག་བཏང་མཁན་འདས་སོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད།
-
2012-10-27 -
-
-
བཞུགས་སྒར་དུ་བོད་མི་ཚོས་རང་ལུས་མེ་སྲེག་བཏང་མཁན་འདས་སོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བཞིན་པ།
གཞོན་ནུའི་ངོ་དེབ།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎བོད་ནང་བོད་མི་ཚོས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་དུ། རང་ལུས་མེ་སྲེག་གི་ལས་འགུལ་གཅིག་མཇུག་གཉིས་མཐུད་སྤེལ་བཞིན་པར་བརྟེན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༦ ཉིན། བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར། ས་གནས་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་གནང་བའི་འོག ཕྱི་ནང་སེར་སྐྱ་མི་མང་རྣམས་ཀྱིས་རང་སྲོག་བློས་བཏང་གནང་མཁན་བོད་མི་དེ་དག་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎