འབར་ཁམས་རྫོང་དུ་རང་ལུས་མེ་སྲེག།

མདོ་སྨད་རྔ་བ་ཁུལ་གྱི་འབར་ཁམས་རྫོང་རྒྱལ་རོང་ཚོ་མདུན་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་གིས་རང་ལུས་མེ་བསྲེག་བཏང་བ།

བློ་བཟང་བློ་འཛིན། ཀ་ཉག་ཚེ་རིང༌།
གསར་འགྱུར་ལ་གསན་རོགས།

༄༅༎དེ་རིང་ཕྱི་ཟླ་བདུན་པའི་ཚེས་༡༧ ཉིན། བོད་མདོ་སྨད་རྔ་བ་ཁུལ་གྱི་འབར་ཁམས་རྫོང་རྒྱལ་རོང་ཚོ་མདུན་ཀིརྟི་དགོན་པའི་དགེ་འདུན་པ་དགུང་ལོ་༡༨ ལ་ཕེབས་པའི་བློ་བཟང་བློ་འཛིན་ལགས་ཀྱིས་ཚོ་བདུན་ཀིརྟི་དགོན་པའི་གླེང་དཀྱིལ་གྱི་འདུ་ཁང་ནས་རང་ལུས་མེ་བསྲེག་བཏང་སྟེ། ས་གནས་ཤང་སྲིད་གཞུང་གི་ཕྱོགས་སུ་གོམ་བགྲོད་གནང་སྟེ་ཕེབས་ཡོད་ཀྱང༌། དུས་ཚོད་ཅུང་ཙམ་ནས་ལུས་ལ་མེ་ཤུགས་ཆེ་རུ་ཕྱིན་ཏེ་ས་ལ་འགྱེལ་ནས་འདས་གྲོངས་སུ་ཕྱིན་ཡོད་པའི་སྐོར། གཡུ་སྒྲོན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org