ཕན་བདེ་དགའ་ཚལ་གླིང༌།

རྒྱ་གར་ལྷོ་ཕྱོགས་བེལ་ཀོབ་བོད་མི་གཞིས་སྒར་དུ་འཛམ་གླིང་དབང་པོ་སྐྱོན་ཅན་གྱི་ཉིན་མོ་སྲུང་བརྩི།

རྒྱ་གར་ལྷོ་ཕྱོགས་བེལ་ཀོབ་བོད་མི་གཞིས་སྒར་དུ་འཛམ་གླིང་དབང་པོ་སྐྱོན་ཅན་གྱི་ཉིན་མོ་སྲུང་བརྩི་གནང་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། པདྨ་དངོས་གྲུབ།

༄༅༎ཕྱི་ཟླ་བཅུ་གཉིས་ཚེས་བཞི་རེས་གཟའ་ཕུར་བུའི་ཉིན་སྤྱི་ཚོགས་ཁྲོད་དབང་པོ་སྐྱོན་ཅན་རྣམས་ལ་ཐོབ་ཐང་འདྲ་མཉམ་དང་རོགས་ཕན་ཡོང་བའི་ཆེད་འཛམ་གླིང་དབང་པོ་སྐྱོན་ཅན་གྱི་ཉིན་མོར་སྲུང་བརྩི་བྱེད་བཞིན་ཡོད་པ་ལྟར་རྒྱ་གར་ལྷོ་ཕྱོགས་བེལ་ཀོབ་བོད་མིའི་གཞིས་སྒར་གྱི་ནང་རྟེན་གཞི་བྱེད་པའི་ཕན་བདེ་དགའ་ཚལ་གླིང་ཀ་རུ་ཎ་དབང་པོ་སྐྱོན་ཅན་གྱི་བསྟི་གནས་ཁང་དུ་དབང་པོ་སྐྱོན་ཅན་གྱི་ཉིན་མོ་དང་ཕན་བདེ་དགའ་ཚལ་དབུ་བརྙེས་ནས་ལོ་བཞི་འཁོར་བའིན་ཉིན་མོ་སྲུང་བརྩི་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org