བོད་དོན་སྐོར་གསུངས་ཡོད་པ།

ཨ་རིའི་སྲིད་འཛིན་ཨོ་བ་མ་མཆོག་གིས་བོད་ནང་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ནན་པོ་གནང་བ།

ཨ་རིའི་སྲིད་འཛིན་ཨོ་བ་མ་མཆོག་གིས་བོད་ནང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ནན་པོ་གནང་བ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཡེ་ཤེས་བཀྲ་ཤིས།
གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ཟླ་༡ཚེས་༡༩རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་དོན་འཚམས་གཟིགས་གནང་བར་ཕེབས་སྐབས་ཨ་རིའི་སྲིད་མཛིན་མཆོག་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་པ་དང༌།ཉིན་གུང་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་གནད་དོན་མང་པོའི་བཀའ་མོལ་གནང་བ་དང༌།ལྷག་དོན་དུ་ཨ་རིའི་སྲིད་འཛིན་ཨོ་བ་མ་ཆོག་གིས་བོད་ནང་གཞི་རྩའི་འགྲོ་བ་མའི་ཐོབ་ཐང་དགོས་པ་དང༌།བོད་ནང་གི་ཆོས་དང་རིག་གཞུང་།སྐད་ཡིག་སོགས་ངེས་པར་དུ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ནན་པོ་གནང་བ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དཔལ་ལྡན་རྒྱལ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org