བོད་མི་ཕྱིར་བུད་ཀྱི་ཉེན་བརྡ།

སྐྱབས་བཅོལ་བའི་ཡིག་ཆ་མེད་པའི་བོད་མི་ངོ་རྒོལ་བ་རྣམས་བལ་ཡུལ་ནས་ཕྱིར་འབུད་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པ།

བལ་ཡུལ་ཉེན་རྟོག་པས་བོད་མི་ངོ་རྒོལ་བ་འཛིན་བཟུང་བྱེད་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཀླུ་འབུམ་བཀྲ་ཤིས།

༄༅༎བལ་ཡུལ་དུ་གནད་སྡོད་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་མུ་མཐུད་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་ཉེ་ཆར་བལ་ཡུལ་ཉེན་རྟོག་པས་བོད་མི་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་པ་དང་བལ་ཡུལ་གཞུང་གིས་དོ་དམ་འོག་ཡོད་པའི་བོད་མི་སྐྱབས་བཅོལ་བའི་ལག་འཁྱེར་མེད་པ་རྣམས་བལ་ཡུལ་ནས་ཕྱིར་འབུད་བྱ་རྒྱུའི་ཉེན་བརྡང་བཏང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཀླུ་འབུམ་བཀྲ་ཤིས་ལགས་ནས་བཏང་འབྱོར་བྱུང་བའི་གནས་ཙུལ་ལ་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org