བལ་པོའི་ནང་པར་ཐོབ་ཐང་དགོས།
བལ་པོ་དང་ཧི་མ་ལ་ཡའི་ནང་པའི་ཚོགས་སྡེ་ཁག་གིས་བལ་ཡུལ་གཞུང་ལ་དགོས་འདུན་བཏོན་པའི་གནས་ཚུལ།
-
2011-12-07 -
-
-
བལ་པོ་དང་ཧི་མ་ལ་ཡའི་ནང་པའི་ཚོགས་སྡེ་ཁག་གིས་བལ་ཡུལ་གཞུང་ལ་དགོས་འདུན་བཏོན་པའི་གནས་ཚུལ།
ཐུབ་བསྟན་སངས་རྒྱས།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ཟླ་༡༢ཚེས་༧རེས་གཟའ་ལྷག་པའི་ཉིན་བལ་ཡུལ་གྱི་རྒྱལ་ཀཋ་མན་ཌུའི་ནང་བལ་པོའི་ནང་པའི་ཚོགས་སྡེ་ཁག་དང་།ཧི་མ་ལ་ཡའི་ནང་པའི་ཚོགས་སྡེ་ཁག་ནས་བལ་ཡུལ་ནང་གི་ནང་པ་ཚོར་འོས་འཚམས་ཀྱི་ཐོབ་ཐང་དགོས་པ་དང༌།གནས་མཆོག་ལུམ་བི་ནི་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞིའི་ཐོག་ནང་པ་ཚོར་ཆ་ཤས་ལེན་རྒྱུའི་མཐུན་རྐྱེན་ཤུགས་ཆེ་ཙམ་སྤྲོད་དགོས་པའི་དགོས་འདུན་འདོན་པའི་ཆེད་ནང་པ་སྟོང་ཕྲག་ཁ་ཤས་ནས་ཞི་བའི་གོམ་བགྲོད་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎