ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ།

དགོན་པའི་དགེ་འདུན་པ་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་ས་གནས་སུ་གསར་འགོད་པ་ཡོང་གི་ཡོད་སྐོར་ཤེས་རྟོགས་བྱུང་བ།

བཙན་བྱོལ་དུ་འབྱོར་བའི་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་དགེ་འདུན་པ་ཁག་ཅིག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། ཀླུ་འབུམ་བཀྲ་ཤིས།

༄༅༎ཕྱི་ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན་བཞུགས་སྒར་རྡ་རམ་ས་ལར་ན་ནིང་བོད་ཤར་ཕྱོགས་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་དགེ་འདུན་པ་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་བརྒྱུད་ས་གནས་སུ་རྒྱལ་སྤྱིའི་གསར་འགོད་པ་རྟོག་ཞིབ་ཆེད་འབྱོར་གྱི་ཡོད་པའི་སྐོར་ཤེས་རྟོགས་བྱུང་སྐབས་ཁོང་རྣམས་ནས་གསར་འགོད་པའི་མདུན་ངོ་རྒོལ་སྤེལ་རྒྱུའི་གྲ་སྒྲིག་གནང་བ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྡ་རམ་ས་ལའི་ཁམས་སྐད་ཀྱི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org